ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གར་ལ་ཐུགས་རྗེ་ལེགས་གསོལ་གྱི་མཛད་སྒོ།


༄༅།། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གཙོས་བོད་པ་མང་པོ་ཞིག་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ནས་ལོ་༦༠་འཁོར་ལ་ཉེ་བའི་སྐབས་འདིར་རྒྱ་གར་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུ་བའི་ཆེད་དུ་ཉེ་འཆར་བཞུགས་སྒར་དྷ་རམ་ས་ལར་ཕྱི་ཚེས་༣༡་ཉིན་མཛད་སྒོ་རྒྱས་པོ་ཞིག་ཚོགས་ཡོད་ཅིང་། ད་ལྟ་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ཀྱིས་རྒྱ་གར་གཞུང་དང་མི་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུར་རྒྱལ་ས་ལྡི་ལི་གསར་པར་ཉིན་གསུམ་གྱི་རིང་ལ་གསུང་བཤད་དང་འགྲེམ་སྟོན། རིག་གཞུང་འཁྲབ་སྟོན་སོགས་ཀྱི་ལས་རིམ་ཁག་ཅིག་གོ་སྒྲིག་གནང་དང་གནང་མུས་ཡིན་པའི་སྐོར། ཕུན་ཚོགས་ཚེ་རིང་ལགས་ཀྱིས་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་སུ་བཅར་འདྲི་ཞུས་ཏེ་གནས་ཚུལ་ཕྱོགས་བསྒྲིགས་གནང་བ་ཞིག་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG