ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྒྱུགས་སྤྲོད་བསྐྱར་ལེན་དགོས་པའི་གསལ་བསྒྲགས།


རྒྱ་གར་རྒྱལ་ཡོངས་རྒྱུགས་སྤྲོད་ཀྱི་འདྲི་ཤོག་ཕྱི་ལ་གྱར་པའི་སྟབས་ཀྱིས་རྒྱ་གར་དབུས་ཤེས་ཡོན་ལྷན་ཚོགས་ཀྱིས་རྒྱུགས་སྤྲོད་བསྐྱར་དུ་ལེན་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་ཞིང་། གཟའ་པ་སངས་ཉིན་ལྡི་ལི་གསར་པར་གཞུང་གི་གསར་འགོད་གསལ་བསྒྲགས་སྤེལ་པའི་སྐབས་སུ་རྒྱ་གར་གྱི་ཤེས་ཡོན་དྲུང་ཆེས་འཛིན་གྲྭ་བཅུ་གཉིས་ཀྱི་དཔལ་འབྱོར་རིག་པའི་རྒྱུགས་སྤྲོད་ཕྱི་ཟླ་༤་ཚེས་༢༥་ཉིན་བསྐྱར་དུ་ལེན་རྒྱུ་ཡིན་པ་མ་ཟད། འཛིན་གྲྭ་༡༠་པའི་རྩིས་རིག་རྒྱུགས་སྤྲོད་བསྐྱར་དུ་ལེན་དགོས་མིན་ཉི་མ་༡༥་ནང་ཚུད་དུ་ཐག་གཅོད་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པའི་སྐོར། བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG