ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གཞུང་གིས་དར་རྩེ་མདོ་རྫོང་ཁོངས་སུ་ཡོད་པའི་མི་ཉག་ལྷ་སྒང་གི་བོད་པ་བལ་ཡུལ་སོགས་ལ་གནས་སྐོར་དུ་སྐྱོད་མཁན་ཚོའི་ཕྱིར་སྐྱོད་ལག་འཁྱེར་བསྡུ་ལེན་བྱས་པ་དང་། བོད་པ་དེ་དག་ལ་བསམ་བློའི་སློབ་གསོ་གཏོང་དགོས་ཞེས་བཀག་ཉར་བྱས་པའི་གནས་ཚུལ་ཐོན་འདུག རྒྱ་གར་གྱི་བཙན་བྱོལ་སྤྱི་ཚོགས་སུ་དཔར་འགྲེམ་བྱེད་བཞིན་པའི་བོད་ཀྱི་བང་ཆེན་ཚགས་པར་གྱིས་གནས་ཚུལ་དེ་ཐོག་མར་སྤེལ་པའི་བྱུང་རིམ་ལ་གཞིགས་ན་ཕྱི་ཟླ་༣་ཚེས་༡༧་ཉིན་རྒྱ་ནག་གཞུང་གིས་མི་ཉག་ལྷ་སྒང་གི་དགོན་སྡེ་ཁག་གི་དགོན་བདག་རྣམས་ཚོགས་འདུར་སྐོང་བ་དང་། དེའི་རྗེས་སུ་གནས་སྐོར་དུ་སྐྱོད་མཁན་ལྷ་སྒང་ཡུལ་ཚོའི་བོད་པ་ཚོའི་ཕྱིར་སྐྱོད་ལག་འཁྱེར་གཞུང་གིས་བསྡུ་ལེན་བྱས་པ་མ་ཟད། ཁོ་ཚོར་བསམ་བློའི་སློབ་གསོ་གཏོང་དགོས་པའི་འགྲེལ་བཤད་བརྒྱབ་ནས་མི་༦༠་ཡས་མས་ཤིག་བཀག་ཉར་བྱས་ཡོད་ཅིང་། གནས་སྐོར་པ་བཀག་ཉར་དང་ཕྱིར་བསྐྱོད་ལག་འཁྱེར་བསྡུས་པའི་སྲིད་ཇུས་དེ་ཉིད་དར་རྩེ་མདོ་རྫོང་ཡོངས་སུ་ལག་བསྟར་བྱས་ཏེ། གཞིས་ལུས་བོད་པ་ཚོ་གནས་སྐོར་ལ་བསྐྱོད་རྒྱུར་བཀག་འགོག་དང་དངུལ་སྒོར་གྱི་ཆད་པ་གཅོད་ཀྱི་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།

བལ་ཡུལ་ལ་གནས་སྐོར་དུ་སྐྱོད་མཁན་རྣམས་བཀག་ཉར།
please wait

No media source currently available

0:00 0:03:48 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG