ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༣/༡༢/༠༥

རང་ལུས་མེར་སྲེག


དེ་རིང་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ལྔ་པ་ཡས་མས་སུ་རྔ་པ་རྨེའུ་རུ་མའི་རུ་ཆེན་ལྔ་པའི་ཚེ་ཁོ་ལགས་ཀྱིས་རྨེའུ་རུ་མའི་ཤང་ཐོག་ཏུ་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་བྱས་ནས་འདས་གྲོངས་སུ་འདུག དེ་ཡང་ཕྱི་ལོ་༢༠༡༨་ཕྱི་ཟླ་༣་པའི་ཚེས་༧་ཉིན་མི་སྐྱ་ཚེ་ཁོ་ལགས་ཀྱིས་རྒྱ་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་བྱས་ཏེ་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཐོན་ཡོད། ཡིན་ནའང་ཁོང་གིས་སྐད་འབོད་ཅི་ཞིག་བྱས་ཡོད་པ་དང་ཕུང་པོ་ནང་མི་ཚོའི་ལག་ཏུ་རེག་ཡོད་མེད་བཅས་ཀྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་ཅིང་། ཚེ་ཁོ་ལགས་དང་ཕ་ཡུལ་གཅིག་པ་ཡིན་པ་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན་རང་སྲེག་ངོ་རྒོལ་བ་དེ་ཕལ་ཆེར་ལོ་བཞི་བཅུ་ཡས་མས་སུ་སོན་ཡོད་པ་དང་། ཤུལ་དུ་ཨ་མ་དང་བཟའ་ཟླ། ཕྲུ་གུ་བུ་མོ་གཉིས་བཅས་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG