ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཕྱི་རྒྱལ་བ་༦༠༠ ཙམ་ལ་དམིགས་གསལ་མཇལ་ཁ་དང་བཀའ་སློབ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལར་རྒྱལ་ཁབ་༥༤་ཙམ་ནས་ཕེབས་པའི་ཕྱི་རྒྱལ་བ་༦༠༠་ཙམ་ལ་དམིགས་བསལ་གྱི་མཇལ་ཁ་དང་བཀའ་སློབ་གནང་ཡོད་ཅིང་། དེང་སྐབས་མགོན་པོ་གང་ཉིད་སྔར་དང་མ་འདྲ་བར་སྐུ་ཐང་ཧ་ཅང་ཆད་ཀྱི་ཡོད་པའི་རྐྱེན་གྱིས་ཡུ་རོབ་དང་ཨ་རི་སོགས་ཐག་རིང་ལ་གནམ་གྲུའི་ནང་དུ་ཕེབས་རྒྱུ་ཁག་པོ་ཡོད་པས་ཡུ་རོབ་དང་ཨ་རི་སོགས་ནས་ཆེད་དུ་ཕེབས་པ་ཚོར་མཇལ་ཁ་གནང་རྒྱུ་ནི་ངོས་ཀྱི་འོས་འགན་ཞིག་ཡིན་ཞེས་བཀའ་སློབ་གནང་བ་མ་ཟད། ཕྱི་རྒྱལ་བ་ཚོའི་དྲི་བ་ཁག་ལའང་༧གོང་ས་མཆོག་གིས་བཀའ་ལན་གནང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་མཇལ་ཁ་ཞུ་མཁན་ཁག་ཅིག་ལ་བཅར་འདྲི་ཞུས་པ་སོགས་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG