ངོ་འཕྲད་བདེ་བའི་དྲ་འབྲེལ།

ལྷ་ལྡན་གཙུག་ལག་ཁང་གི་རྒྱ་ཕིབས་བཀོག་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཉེ་ཆར་ལོ་གསར་གྱི་ཚེས་པ་གཉིས་ཀྱི་དགོང་དྲོར་བོད་ཀྱི་རྒྱལ་ས་ལྷ་སའི་ཇོ་ཁང་ལ་མེ་སྐྱོན་ཆེན་པོ་ཞིག་བྱུང་ཡང་སྐབས་དེར་རྒྱ་ནག་གཞུང་གིས་མེ་སྐྱོན་གྱི་གནོད་འཚེ་དང་མེ་སྐྱོན་འབྱུང་དོན། ཇོ་ཁང་གི་རྩ་ཚེའི་སྐུ་གསུང་ཐུགས་རྟེན་སོགས་ལ་གནོད་འཚེ་ཅི་ཙམ་ཕོག་ཡོད་མེད་ཀྱི་གནས་ཚུལ་གང་ཡང་ཕྱིར་བསྒྲགས་བྱས་མེད་ཅིང་། དེ་ནས་བཟུང་སྟེ་ཉིན་མང་པོ་སོང་བའི་རྗེས་སུ་དེ་རིང་ཕྱི་ཟླ་༢་ཚེས་༢༢་ཉིན་རྒྱ་ནག་གི་གཞུང་འབྲེལ་ཞིན་ཧྭ་གསར་འགྱུར་ལས་ཁང་གིས་ལྷ་ལྡན་གཙུག་ལག་ཁང་ལ་མེ་སྐྱོན་བྱུང་བ་མིས་བསམ་བཞིན་བྱས་པ་ཞིག་མིན་པ་དང་། མེ་སྐྱོན་བྱུང་ས་ནི་ཇོ་ཁང་གི་ཐོག་བརྩེགས་གཉིས་པ་ཡིན། མེ་གསོད་རུ་ཁག་གིས་འཕྲལ་དུ་ཇོ་སྐུ་བཞུགས་སའི་ལྷ་ཁང་གི་རྒྱ་ཕིབས་བཀོག་ཡོད་པ་དང་ཇོ་སྐུའི་གཡས་གཡོན་ཡོངས་སུ་མེ་འགོག་ལྕོགས་རས་བསྐོར་ཡོད། ལྷ་ལྡན་གཙུག་ལག་ཁང་གི་རྩ་ཆེའི་སྐུ་གསུང་ཐུགས་རྟེན་གཅིག་ལའང་མེ་སྐྱོན་ཕོག་མེད་ཅེས་གནས་ཚུལ་གསར་པ་ཞིག་སྤེལ་ཡོད་པའི་སྐོར། ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

XS
SM
MD
LG