ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་ཐོག་ལ་དབུས་དམག་དོན་ལྷན་ཁང་གི་ཚོགས་མི་དང་བཅིངས་གྲོལ་དམག་མིའི་སྤྱི་ཁྱབ་དམག་སྤྱི་ཆེན་མོ་ཟུར་པ་བྷང་ཕྷེང་ཧུལ་ལ་ལྐོག་བརྔན་ཟ་ལེན་གྱི་ནག་ཉེས་ཐོག་ལ་དམག་དོན་ཁྲིམས་ཁང་ལ་རྩིས་སྤྲོད་ཀྱིས་ཁྲིམས་བཤེར་བྱེད་འཆར་ཡོད་པ་དང་དམག་དོན་ཁྲིམས་ཁང་གི་འགྱོད་འཛུགས་ཁྲིམས་རྩོད་པ་ཚོས་ཆེས་མཐོའི་དབུ་ཁྲིད་ཀྱི་བཀོད་ཁྱབ་ལྟར་སྤྱི་ཁྱབ་དམག་སྤྱི་ཆེན་མོ་ཟུར་པ་བྷང་ཕྷེང་ཧུལ་གྱི་ལྐོག་ཟའི་ནག་ཉེས་ཐོག་ཞིབ་འཇུག་བྱེད་བཞིན་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་རེད་ དམག་སྤྱི་ཆེན་མོ་བྷང་ཕྷེང་ཧུལ་ལ་ཁྲིམས་བཤེར་བྱེད་ཀྱི་ཡོད་པ་དེ་ནི་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ནས་དམག་དོན་ཐད་ཀྱི་མཐོ་རིམ་མི་སྣའི་ནང་གི་ལྐོག་བརྔན་ཟ་ལེན་པ་མེད་པ་བཟོ་རྒྱུའི་ལས་འགུལ་གྱི་ཆ་ཤས་གསར་ཤོས་ཤིག་ཡིན་པ་དང་ ༢༠༡༦ལོར་དེ་སྔའི་དམག་སྤྱི་ཆེན་མོ་ཀུའོ་བྷོ་ཞུང་ལ་ལྐོག་བརྔན་ལེན་གྱི་ནག་ཉེས་འོག་ཚེ་བཙོན་གྱི་ཁྲིམས་བཅད་བྱས་པའི་རྗེས་སུ་དམག་དོན་འགོ་ཁྲིད་ལ་ལྐོག་བརྔན་ཟ་ལེན་ཐོག་ཁྲིམས་བཤེར་བྱས་པའི་ནང་ནས་གོ་གནས་མཐོ་ཤོས་དེ་ཆགས་ཀྱི་ཡོད་པ་རེད།

རྒྱ་ནག་གཞུང་གིས་དམག་སྤྱི་ཆེན་མོ་ཞིག་ལ་ཁྲིམས་བཤེར།
please wait

No media source currently available

0:00 0:03:56 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG