ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

དགེ་བཤེས་དྲང་སྲོང་ཟླ་བ་དར་རྒྱས་གཡུང་དྲུང་བོན་གྱི་ཁྲི་འཛིན་སོ་བཞི་པ་རྟགས་སྒྲིལ་དུ་བབས་པ།


གཡུང་དྲུང་བོན་གྱི་གདན་ས་གཤེན་བསྟན་སྨན་རིའི་གླིང་དུ་ཞི་ཁྲོའི་ལྷ་ཚོག་སཀྱི་གཞུང་བསྲང་རྒྱུ་སོགས་དང་རྟགས་སྒྲིལ་གྱི་བརྒྱུད་རིམ་ལེག་པར་གྲུབ་རྗེས་་དགེ་བཤེས་ཤར་པ་དྲང་སྲོང་ཟླ་བ་དར་རྒྱས་ལགས་སྨན་རི་ཁྲི་འཛིན་སུམ་ཅུ་སོ་བཞི་པར་མཐའ་མའི་རྟགས་སྒྲིལ་དུ་བབས་གནང་འདུག་པ་དང་། རིང་མིན་ལོ་གར་གྱི་མཚམས་སུ་ཁྲི་འདོན་ཞུས་རྗེས་སྨན་རི་ཁྲི་འཛིན་གྱི་ཐུགས་འགན་བཞེས་རྒྱུ་ཡིན་པ་དང་། སྨན་རི་ཁྲི་འཛིན་གསར་པར་གཏན་འཁེལ་བྱུང་བ་དགེ་བཤེས་ཟླ་བ་དར་རྒྱས་ལགས་བོད་མདོ་སྨད་ཤར་ཁོག་ཏུ་འཁྲུངས་ཞིང་བོན་གྱི་བཀའ་བསྟན་ལ་སློབ་གཉེར་མཐར་སོན་པ་དང་། དེ་རྗེས་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ནས་སྨན་རི་ཐོབ་རྒྱལ་གསར་པར་སླར་ཡང་སློབ་གཉེར་དང་གདན་སའི་འཛིན་སྐྱོང་སོགས་ལ་ཐུགས་འགན་བཞེས་ཡོད་པ་རེད།

XS
SM
MD
LG