ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཧོང་ཀོང་གི་མེ་འཁོར་འབབ་ཚུགས་སུ་རྒྱ་ནག་གི་ཁྲིམས་ལག་ལེན་བསྟར་རྒྱུ།


རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གིས་ཧོང་ཀོང་དང་རྒྱ་ནག་སྐམ་ས་ཆེན་མོའི་ས་མཚམས་ཀྱི་ཧོང་ཀོང་གི་མེ་འཁོར་འབབས་ཚུགས་སུ་རྒྱ་ནག་སྐམ་ས་ཆེན་མོའི་འགྲིམ་འགྲུལ་གྱི་ཁྲིམས་ལག་ལེན་བསྟར་ཏེ། མེ་འཁོར་འབབ་ཚུགས་ཀྱི་སྔོག་བཤེར་དང་པ་སི་ཞིབ་བཤེར། སྤྱི་ཡོངས་ཀྱི་བདེ་འཇགས་སྟངས་འཛིན་སོགས་ལ་རྒྱ་ནག་སྐམ་ས་ཆེན་མོའི་ཁྲིམས་ལུགས་ལྟར་ལག་ལེན་བསྟར་ཐུབ་རྒྱུའི་འཆར་གཞི་ཡོད་པར་དངོས་སུ་ཆོག་མཆན་བཀོད་འདུག ལས་འཆར་འདིས་ཧོང་ཀོང་གི་གཞི་རྩའི་ཁྲིམས་ལུགས་ལ་དོ་ཕོག་དང་ས་གནས་མི་མང་གི་རང་དབང་ཐོབ་ཐང་ཁག་ལ་ཤུགས་རྐྱེན་ཐེབས་སྲིད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

XS
SM
MD
LG