ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༩་པ་སྒོ་འབྱེད།


༄༅།། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༩་པ་དངོས་སུ་འཚོགས་བཞིན་ཡོད་པ་དང་། ཞིས་ཅིན་ཕིང་གིས་དུས་ཡུན་ཆུ་ཚོད་༣་ལྷག་ལ་ཚོགས་ཆེན་སྒོ་འབྱེད་ཀྱི་གཏམ་བཤད་བྱས་ཏེ། ཁོང་གིས་རྒྱ་ནག་ལ་ཆབ་སྲིད་སྒྱུར་བཅོས་གཏོང་རྒྱུ་མིན་པ་དང་རྒྱ་ནག་གིས་རྒྱལ་ཁབ་གཞན་གྱི་ཆབ་སྲིད་ལམ་ལུགས་ལ་མིག་དཔེ་བལྟས་ནས་སྒྱུར་བཅོས་གཏོང་དགོས་དོན་མེད། ང་ཚོས་ཏང་གི་འགོ་ཁྲིད་ལ་གཡོ་བ་མེད་པར་རྒྱབ་སྐྱོར་དང་གོང་བཀུར་བྱ་དགོས། རྒྱ་ནག་དམར་ཤོག་ཚོགས་པ་སྔར་ལས་ལྷག་པའི་སྟོབས་ཤུགས་ཆེ་རུ་གཏོང་དགོས་པ་དང་། ང་ཚོས་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱེད་ཀྱི་ཡོད་པའང་ཤུགས་ཆེ་རུ་གཏོང་རྒྱུ་ཡིན། རྒྱ་ནག་ལ་རང་གི་ཁྱད་ཆོས་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཤིག་དར་སྤེལ་བཏང་བ་དུས་སྐབས་གསར་པ་ཞིག་ལ་སླེབས་ཡོད། ཕྱི་ལོ་༢༠༣༥་ཡས་མས་ནས་རྒྱ་ནག་དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ལ་འགྱུར་རྒྱུ་དང་། ཕྱི་ལོ་༢༠༥༠་ཙམ་ནས་རྒྱ་ནག་གིས་འཛམ་གླིང་ལ་ཤུགས་རྐྱེན་ཐེབས་ཐུབ་པའི་འགན་ཁུར་གཙོ་བོ་ལེན་རྒྱུའི་ཕུགས་འདུན་འཆང་ཡོད། རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་འགྲོ་བ་མི་ལ་འཕྲད་པའི་དཀའ་ངལ་མཐའ་དག་སེལ་ཐུབ་ཐབས་མེད། རྒྱ་ནག་གིས་འཛམ་གླིང་རྒྱལ་ཁབ་ཁག་ལ་མཉམ་འབྲེལ་བྱས་ནས་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ལ་གྲོས་མོལ་བྱ་རྒྱུ་དང་། རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་རང་ཉིད་གྲོགས་མེད་ཁེར་རྐྱང་དུ་འདུག་ཐབས་མེད་ཅེས་རྒྱལ་ནང་དང་རྒྱལ་སྤྱིའི་གནད་དོན་སྣ་མང་ཞིག་ལ་གླེང་སློང་བྱས་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG