ངོ་འཕྲད་བདེ་བའི་དྲ་འབྲེལ།

༄༅།། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཏེ། བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་ཡར་རྒྱས་གཏོང་གི་ཡོད་པ་འགོག་ཐབས་བྱེད་ཀྱི་ཡོད་ཅིང་། ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སླར་ཡང་བྱང་ཀོ་རི་ཡས་རྡོ་སོལ་དང་རས་ཆ། ལྕགས་དང་ཞ་ཉེ། མཚོ་ཟས་ཀྱི་རིགས་ཕྱིར་ཚོང་བྱེད་ཀྱི་ཡོད་པ་བཀག་འགོག་བྱ་དགོས། བྱང་ཀོ་རི་ཡས་རྒྱལ་སྤྱིའི་ཁྲོམ་ར་ནས་རྡོ་སྣུམ་ནང་འདྲེན་བྱེད་ཀྱི་ཡོད་པའང་འགོག་རྒྱུ། ད་དུང་བྱང་ཀོ་རི་ཡའི་མི་མང་ལས་རྩོལ་པ་ཁྲི་ཚོ་མང་པོ་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ངལ་རྩོལ་དུ་སོང་སྟེ། ཁོ་ཚོས་ངལ་རྩོལ་རྒྱུག་པའི་གླ་ཕོགས་རྣམས་བྱང་ཀོ་རི་ཡའི་གཞུང་ལ་སྐུར་གྱི་ཡོད་པ་བཀག་འགོག་དགོས་ཞེས་གྲོས་ཆོད་བཞག་སྟེ། ད་ལོའི་ཕྱི་ཟླ་༩་གཅིག་པུར་རྒྱ་ནག་གིས་བྱང་ཀོ་རི་ཡར་དངོས་ཟོག་ཕྱིར་ཚོང་བྱ་རྒྱུ་བརྒྱ་ཆ་༦་དང་གྲོང་ཆུང་༧་ཉུང་དུ་སོང་བ་དང་། རྒྱ་ནག་གིས་བྱང་ཀོ་རི་ཡ་ནས་དངོས་ཟོག་ནང་འདྲེན་བྱ་རྒྱུ་བརྒྱ་ཆ་༣༩་དང་གྲངས་༩་ཉུང་སོང་བའི་གནས་ཚུལ་ཐོན་འདུག

XS
SM
MD
LG