ངོ་འཕྲད་བདེ་བའི་དྲ་འབྲེལ།

བྱང་ཨ་མི་རི་ཀའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་འདུ་མཇུག་འགྲིལ་བ།


བྱང་ཨ་མི་རི་ཀའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་༡༦པ་དེ་བཞིན་ ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ཏུ་ ཕྱི་ཟླ་༩པའི་ཚེས་༨ནས་༡༠བར་ དུས་ཡུན་ཉིན་གྲངས་གསུམ་གྱི་རིང་ཚོགས་ཡོད་ཅིང་ ཚོགས་ཆེན་དེར་ཨ་རིའི་སྤྱི་མཐུན་ཚོགས་པ་ཁག་༢༨ཀྱི་འཐུས་མི་ཁྱོན་༦༠ལྷག་ཚོགས་ཞུགས་གནང་ཡོད་པ་དེ་ནི་ ད་ཕན་གྱི་ཚོགས་ཆེན་ཁག་གི་ནང་ནས་ཚོགས་བཅར་པ་མང་ཤོས་ཤིག་ཀྱང་ཡིན་འདུག ཚོགས་ཞུགས་རྣམས་ནས་གྲོས་གཞི་མང་པོའི་ཐད་གྲོས་བསྡུར་ལྷུག་པོ་གནང་ཡོད་པ་དེ་དག་གི་ཁོངས་སུ་ བྱང་ཨ་རི་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་རྒྱུན་ལས་དང་ ཚོགས་གཙོ་ཚོགས་གཞོན་རྣམས་འོས་བསྡུ་བྱ་ཕྱོགས་གཅིག་འགྱུར་ཞིག་དགོས་མིན་དང་ མ་འོངས་པར་ཨ་རི་དང་ཀེ་ན་ཌ་སོ་སོར་ཚོགས་ཆེན་ལོགས་སུ་ཚོགས་དགོས་དང་མི་དགོས་ གཞན་ཡང་ བོད་མི་གཞོན་སྐྱེས་རྣམས་ལ་བོད་ཡིག་དང་་བོད་སྐད་ དེ་བཞིན་ནང་ཆོས་བཅས་སློབ་འཁྲིད་བྱ་ཕྱོགས་ཇི་དགའི་སྐོར་དང་ བོད་དོན་ལས་འགུལ་མཉམ་རུབ་ཀྱི་ཐོག་ནས་སྤེལ་ཕྱོགས་སོགས་ཀྱི་ཐད་གྲོས་བསྡུར་གནང་སྟེ་ ཚེས་༡༠ རེས་གཟའ་ཉི་མའི་ཉིན་ ཚོགས་ཆེན་ལེགས་པར་མཇུག་འགྲིལ་ཡོད་པའི་སྐོར་ ཚོགས་ཞུགས་འཐུས་མིའི་གྲས་སྐུ་ཞབས་ཡོན་ཏན་རྒྱ་མཚོ་ལགས་སུ་གནས་འདྲི་ཞུས་པའི་གནས་ཚུལ་ཞིག་གསན་རོགས་གནང་།

XS
SM
MD
LG