ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ལིའུ་ཞའོ་པའོ་འདས་གྲོངས།


རྒྱ་ནག་གཞུང་དང་སྲིད་དོན་གྱི་ལྟ་བ་མི་མཐུན་པའི་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་ལིའུ་ཞའོ་པའོ་མཆིན་པའི་སྐྲན་ནད་ཀྱིས་རྐྱེན་པས་ལོ་ན་༦༡་ཐོག་ཏུ་འདས་གྲོངས་ཡོད་པའི་གནས་ཚུལ་ཐོན་འདུག ལིའུ་ཞའོ་པའི་ནི་རྒྱ་ནག་གི་མི་ཞིག་ལ་འཛམ་གླིང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་དང་པོ་དེ་ཡིན་ཞིང་། ཁོང་ལ་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་ཐབས་བྱས་པའི་ནག་ཉེས་བཙུགས་པའི་རྗེས་སུ་བཙོན་ཁང་དུ་བཅུག་སྟེ། ཟླ་བ་སྔོན་མར་ལིའུ་ཞའོ་པའོ་ལ་མཆིན་པའི་སྐྲད་ནད་ཕོག་ཡོད་པ་སྡུག་ཏུ་སོང་བར་བརྟེན། ཁོང་བཙོན་ཁང་ནས་གློད་གྲོལ་བཏང་ནས་སྨན་བཅོས་བྱས་རུང་། ཁོང་གི་མཆིན་པའི་སྐྲན་ནད་དྲག་སྐྱེད་མ་བྱུང་བར་དེ་རིང་ཕྱི་ཟླ་༧་པའི་ཚེས་༡༣་གྱི་དགོང་མོར་ཧྲིན་དབྱང་སྨན་ཁང་དུ་འདས་གྲོངས་སུ་གྱུར་པ་དང་། ༢༠༠༩་ལོར་རྒྱ་ནག་གཞུང་གིས་ལིའུ་ཞའོ་པའོ་ལ་ལོ་༡༡་གི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་༢༠༡༠་ལོར་ལིའུ་ཞའོ་པའོ་ལ་འཛམ་གླིང་གི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG