ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༥/༠༢/༠༧

ཌོ་ནོལ་ཁྲ་རམ་དང་ཞིས་ཅིན་ཕིང་།


ཟླ་བ་གསུམ་གྱི་གོང་དུ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ཨ་མི་རི་ཀར་ཕེབས་ཏེ། ཁོང་གིས་མཱ་ར་ལོ་གྷོ་སྤྲོད་སྐྱིད་ཁང་དུ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ལ་ཐེངས་དང་པོ་ཐུག་འཕྲད་བྱས་པ་དང་། སྐབས་དེར་འཛམ་གླིང་ཧྲིལ་བོས་ཌོ་ནོལ་ཁྲ་རམ་དང་ཞིས་ཅིན་ཕིང་གཉིས་མཐུན་ལམ་ཡོང་རྒྱུ་ཡིན་མིན། ཁོ་ཚོས་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་བརྟན་པོ་དང་ལེགས་རྒྱས་སུ་གཏོང་ཐུབ་རྒྱུ་ཡིན་མིན་ལ་གཟབ་ནན་གྱིས་དོ་སྣང་བྱས་ཡོད་ཅིང་། ད་ལྟ་ཞིས་ཅིན་ཕིང་དང་ཌོ་ནོལ་ཁྲ་རམ་གཉིས་འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོ་འགོ་ཁྲིད་རྣམ་པའི་ལོ་འཁོར་ཚོགས་ཆེན་ལ་ཞུགས་ཏེ། སང་ཉིན་གཟའ་པ་སངས་ཉིན་འཇར་མན་ཎིའི་ཧམ་བྷར་གྷེ་གྲོང་ཁྱེར་དུ་ཌོ་ནོལ་ཁྲ་རམ་དང་ཞིས་ཅིན་ཕིང་གཉིས་ཚོགས་ཆེན་གྱི་ཞོར་དུ་ཐུག་འཕྲད་བྱ་འཆར་ཡོད་མོད། ཡིན་ནའང་ཕྱི་ཟླ་༧་ཚེས་༤་ཉིན་བྱང་ཀོ་རི་ཡས་གླིང་བརྒལ་མེ་ཤུགས་འཕུར་མདའ་ཞིག་ཚོད་ལྟ་བྱས་པ་དང་། ཨ་མི་རི་ཀས་རྒྱ་ནག་ལ་བྱང་ཀོ་རི་ཡར་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་གཏོང་དགོས་ཞེས་ནན་བརྗོད་བྱེད་ཀྱི་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG