ངོ་འཕྲད་བདེ་བའི་དྲ་འབྲེལ།

འདས་པའི་ལོ་ལྔའི་རིང་ལ་རྒྱ་ནག་གི་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་དང་རིམ་པ་ཁག་གི་འགོ་ཁྲིད་ཚོས་སྤྱི་དངུལ་འགྲོ་གྲོན་བཏང་ནས་རྒྱས་ཟས་རྒྱས་འཐུང་བྱེད་ཀྱི་ཡོད་པར་བཀག་འགོག རྒྱ་ནག་གི་ལྐོག་ཟ་རུལ་སུངས་སུ་གྱུར་པའི་མཐོ་རིམ་འགོ་ཁྲིད་ཚོ་ཁྲིམས་ལ་སྦྱར་ནས་གཙང་དག་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་གི་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་ལས་དོན་སྒྲུབ་ཕྱོགས་རྒྱལ་སྤྱི་དང་རྒྱལ་ནང་གི་གསར་འགྱུར་ནང་དུ་མང་པོ་བསྒྲགས་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་རང་གི་དམར་ཤོག་ཚོགས་པའི་ཏན་ཡོན་ཚོས་མའོ་ཙེ་ཏུང་གི་དུས་སྐབས་ཀྱི་གུང་ཁྲན་ཏང་གི་ལྟ་སྤྱོད་རྣམས་སླར་གསོ་བྱེད་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོས་རང་གི་ཁྲིམས་མཐུན་གྱི་ཡོང་འབབ་རྣམས་འགྲོ་གྲོན་བཏང་སྟེ། ཁོ་ཚོས་རང་གི་བུ་ཕྲུག་སོགས་ཀྱི་གཉེན་སྟོན་རྒྱ་ཆེན་པོ་བཤམ་གྱི་ཡོད་པ་དེ་ལའང་བཀག་འགོག་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG