ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་མདོ་སྨད་རྨ་ཆུའི་ཆབ་སྲིད་བཙོན་པ་ཞིག་གློད་གྲོལ་བཏང་ཡང་ཁོང་གི་གཟུགས་པོ་དང་སེམས་ཁམས་གཉིས་ཀྱི་ཐད་ནས་བདེ་ཐང་མིན་པའི་རྣམ་པ་དང་། འདི་ཀ་ཨ་རིའི་རླུང་འཕྲིན་ཁང་ལ། སྤྱི་ཟླ་༥་བའི་ཚེས་༡་ཉིན་བརྙན་པར་གཙོས་པ་བོད་ནང་ནས་ཐད་ཀར་བཏང་འབྱོར་བྱུང་བའི་ནང་དུ། སྤྱི་ལོ་༢༠༠༨ལོར་འཛིན་བཟུང་དང་དེའི་རྗེས་ཟླ་བ་མང་པ་བཀག་ཉར་བཙོན་ལས་བྱེད་པའི་རྗེས་ཁ་བྲལ་བའི་ཉེས་འཛུགས་ཀྱིས་ལོ་ངོ་༡༣་ལ་བཙོན་འཇུག་ཁྲིམས་ཐག་གཅོད་པའི་རྨ་ཆུའི་འཇམ་དཔལ་ལགས། གློད་གྲོལ་བཏང་ནས་རང་ཁྱིམ་དུ་འབྱོར་སྐབས་རུ་སྡེ་ཚོས་ཁ་བཏགས་འཐེན་པ་སོགས་སྣེ་ལེན་གཟབ་རྒྱས་ཞུས་འདུག་ཀྱང་། ཁོང་གི་རྐང་བ་ནད་པར་གྱུར་བ་དང་། ནང་མི་དང་གྲོགས་པོ་ཚོ་ངོས་འཛིན་བྱ་མི་ཐུབ་པ། ཡང་སྐད་ཆ་བཤད་སྐབས་རྡབ་རྡིབ་དུ་གྱུར་ཡོད་པ་བཅས་གནས་ཚུལ་ངོ་སྤྲོད་ཞུས་འདུག

XS
SM
MD
LG