ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

གློ་སྨན་ཐང་གི་རྒྱལ་པོ་འཇིགས་མེད་རྡོ་རྗེ་མཆོག་དགོངས་པ་རྫོགས་ཡོད་པ།


གློ་སྨན་ཐང་གི་རྒྱལ་པོ་འཇིགས་མེད་རྡོ་རྗེ་དཔལ་འབར་མཆོག་དགུང་གྲངས་༨༦ཐོག་བལ་ཡུལ་གྱི་རྒྱལ་སའི་སྨན་ཁང་ཞིག་ཏུ་དགོངས་པ་རྫོགས་ཡོད་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག རྒྱལ་པོ་མཆོག་གིས་དུས་རྒྱུན་དུ་ནས་མི་དམངས་རྣམས་བྱམས་བརྩེས་སྐྱོང་མཁན་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་པ་ལྟར། བོད་མི་བཙན་བྱོལ་བ་ཚོར་ཡང་སྐུ་དྲིན་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད་པས་བལ་ཡུལ་ནང་བཅའ་བཞུགས་བཙན་བྱོལ་བོད་མིའི་སྐུ་ཚབ་དོན་གཅོད་སྐུ་ངོས་རྡ་མགྲིན་རྡོ་རྗེ་ལུགས་སུ་ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་གནས་འདྲི་ཞུས་པ་དེ་གསན་རོགས་གནང་།

XS
SM
MD
LG