ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱ་ནག་གཞུང་གིས་ཐའེ་ཝན་ལ་ཧོང་ཀོང་གི་གནད་དོན་ལ་ཐེ་ཇུས་མི་ཆོག་ཅེས་ཉེན་བརྡ་བཏང་བ།



རྒྱ་ནག་གཞུང་གིས་གཟའ་ལྷག་པའི་ཉིན་མོ་ཐའེ་ཝན་ལ་ཧོང་ཀོང་གི་གནད་དོན་ཐད་ལ་ཐེ་ཇུས་དང་ཧོང་ཀོང་གི་བརྟན་ལྷིང་ལ་གནོད་འཚེ་བྱེད་མི་ཆོག་ཅེས་པའི་ཉེན་བརྡ་ཞིག་བཏང་བ་དང་ཐའེ་ཝན་རང་བཙན་དང་ཧོང་ཀོང་རང་བཙན་ངན་པ་ལག་སྦྲེལ་བྱེད་ཀྱི་ཡོད་ལུགས་སོགས་བརྗོད་པའི་རྗེས་སུ་ཐའེ་ཝན་གཞུང་གིས་ཧོང་ཀོང་གི་གནད་དོན་ཐད་ལ་དོ་སྣང་ཆེན་པོ་བྱེད་བཞིན་པ་ལས་འཐེ་ཇུས་བྱ་ཡི་མེད་ཅེས་པའི་ལན་འདེབས་གནང་ཡོད་པ་དང་དེ་ཡང་ཐའེ་ཝན་གྱི་རྒྱ་ནག་སྐམ་སའི་འབྲེལ་བའི་གནད་དོན་ཐད་ཀྱི་ལས་དོན་ལྷན་ཁང་གི་དབུ་ཁྲིད་གཞོན་པས་ང་ཚོ་ཐའེ་ཝན་སྲིད་གཞུང་ནས་རྒྱུན་འཁྱོངས་བྱེད་པའི་ལངས་ཕྱོགས་གཅིག་ནི་ ཧོང་ཀོང་གི་རང་དབང་དམངས་གཙོ་དར་རྒྱས་དང་བརྟན་ལྷིང་ལ་རྒྱབ་སྐྱོར་ཞུ་རྒྱུ་དེ་ཡིན་པས་རྒྱ་ནག་སྐམ་ས་དང་ཧོང་ཀོང་གཞུང་གཉིས་ཀས་ཡང་དག་པའི་ཐོག་ནས་ཧོང་ཀོང་གི་མི་མང་གི་འདོད་དོན་ལ་གཟིགས་དགོས་པ་དང་ སེམས་པ་རྣམ་དག་གི་ཐོག་ནས་ཕན་ཚུན་འབྲེལ་བ་དང་གྲོས་མོལ་གནང་དགོས་ཀྱི་རེད་ དེ་ནི་ང་ཚོས་འཛིན་པའི་ལངས་ཕྱོགས་ཡིན་ཞེས་གསུང་ཡོད་པ་རེད།

XS
SM
MD
LG