ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་གྲོས་ཚོགས་ཀྱི་ཊོམ་ལན་ཊོ་སི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཟུང་འབྲེལ་ཚོགས་གཙོ་ཇིམ་མེཀ་གྷ་ཝྭན་དང་འཇོ་སེབ་ཕི་ཊི་གཉིས་ཀྱིས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པར་སྙན་ཞུ་ཕུལ་ཏེ། རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་བཙུན་ཚོའི་སྡོད་ཤག་མང་པོ་ཞིག་གཏོར་བཤིག་བཏང་ནས་གནས་ཚུལ་ཚབས་ཆེན་ཞིག་འབྱུང་གི་ཡོད་ཅིང་། གྲྭ་བཙུན་བརྒྱ་ཕྲག་མང་པོ་བཙན་ཤེད་ཀྱིས་རང་ཁྱིམ་ལ་ཕྱིར་སློག་བྱེད་ཀྱི་ཡོད་པ་འཕྲལ་དུ་འཚམས་འཇོག་བྱ་དགོས། ཨ་རིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འཐུས་མི་རྣམས་བླ་རུང་སྒར་ལ་འབྱུང་བཞིན་པའི་གནས་ཚུལ་དེར་བློ་འཚབ་ཆེན་པོ་ཡོད། འདི་ནི་རྒྱ་ནག་གཞུང་གིས་བོད་མི་མང་གི་ཆོས་དད་རང་དབང་ལ་གཏོར་བརླག་བྱེད་ཀྱི་རྟགས་མཚན་གསལ་བོ་ཞིག་ཡིན་པ་དང་། ང་ཚོས་རྒྱ་ནག་གཞུང་གིས་བླ་རུང་ཆོས་སྒར་གཏོར་བཤིག་བཏང་ནས་གྲྭ་བཙུན་རྣམས་ཕྱིར་སློག་བྱེད་ཀྱི་ཡོད་པའི་སྲིད་ཇུས་དེར་འགྱུར་བ་གཏོད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། རྒྱ་ནག་གཞུང་གིས་བོད་པའི་གྲྭ་བཙུན་ཚོར་སུན་གཙེར་མེད་པར་བསླབ་པ་སློབ་གཉེར་བྱེད་དུ་འཇུག་དགོས་ཞེས་ནན་བརྗོད་བྱས་འདུག

XS
SM
MD
LG