ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བུད་མེད་ཕྱི་མི་གཞིས་ཆགས་པ་རྣམས་དེང་དུས་ཀྱི་བྲན་གཡོག་ལྟ་བུར་བཀོལ་སྤྱོད་བྱེད་ཀྱི་ཡོད་པ།


ལས་མི་འཚོལ་སྡུ་ལས་ཁང་ཁག་གིས་ ཀེ་ནེ་ཌའི་གྲོང་ཁྱེར་ཀྲོ་རན་ཀྲོ་ཁུལ་དུ་གནས་འཁོད་བུད་མེད་ཕྱི་མི་གཞིས་ཆགས་པ་རྣམས་ལ་ བརྟན་པོ་མེད་ལ་ ཉེན་ཚབས་ཆེ་བའི་ལས་ཀ་དེ་འདྲ་བྱེད་དུ་འཇུག་ཏེ་ བུད་མེད་དེ་རྣམས་ལ་ལས་ཀ་བྱས་པའི་ཡོང་བབས་སྣེ་སེལ་ཞིག་ལ་མ་སྤྲད་པའི་ཐོག་ ལས་ཀ་བསྐུལ་རྒྱུན་རིང་ལ་ བདེ་འཇགས་ལ་འགན་ལེན་གང་ཡང་མེད་པ་སོགས་ བུད་མེད་དེ་རྣམས་དེང་དུས་ཀྱི་བྲན་གཡོག་ལྟ་བུར་བཀོལ་སྤྱོད་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་ ཁོང་ཚོར་ནད་གཞི་འདྲ་མིན་ཕོག་གི་ཡོད་ཀྱང་ ད་དུང་ལས་ཀ་མི་བྱེད་ཐབས་མེད་དུ་གྱུར་གྱི་ཡོད་པ་དེ་ནི་ ཕུག་རྒྱང་རིང་པོར་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་ འཕྲོད་བསྟེན་ལྟ་སྐྱོང་གི་ལམ་ལུགས་བཅས་གང་ཅིར་མཇུག་འབྲས་ངན་པ་ཡོང་གཞི་ཞིག་རེད་ཅེས་ གསར་དུ་ཐོན་པའི་ཞིབ་འཇུག་གི་སྙན་ཐོ་ཞིག་གི་ནང་འཐེར་འདོན་བྱས་ཡོད་ཅིང་ ཞིབ་འཇུག་པ་རྣམས་ཀྱིས་ཞིབ་འཇུག་བྱ་ཡུལ་གཙོ་བོ་ནི་ ཀྲོ་རོན་ཀྲོའི་ནང་གནས་འཁོད་བོད་པའི་བུད་མེད་ཡིན་པ་མ་ཟད་ ཞིབ་འཇུག་བྱེད་མཁན་གྱི་ཁོངས་སུ་བོད་པའི་བུད་མེད་གཅིག་ཀྱང་ཡོད་འདུག་པས་ འདིའི་ཐད་འབྲེལ་ཡོད་ཞིབ་འཇུག་པར་གནས་འདྲི་ཞུས་པའི་གནས་ཚུལ་ལེ་ཚན་གཉིས་ཡོད་པ་ནས་དང་པོ་དེ་ ད་ལྟ་གསན་རོགས།

XS
SM
MD
LG