ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

བོད་ནང་ཆུ་མཛོད་རྒྱག་རྒྱུ་མང་དུ་འགྲོ་བའི་དཀའ་རྙོག་གི་ཐད་ལྡི་ལིའི་ནང་ཚོགས་འདུ།


མཐོ་སྒང་བོད་ཀྱི་ནང་རྒྱ་ནག་གཞུང་གིས་ཆུ་རགས་སམ་ ཆུ་མཛོད་རྒྱག་རྒྱུ་མང་དུ་གཏོང་བཞིན་པའི་རྐྱེན་གྱིས་ ཉེ་འཁོར་ཡུལ་གྲུ་ཁག་ལ་གནོད་སྐྱོན་ཚབས་ཆེ་ཡོང་གི་ཡོད་པའི་ཐད་ བོད་རང་བཙན་སློབ་ཕྲུག་ཚོགས་པས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་ཚོགས་འདུ་ཞིག་བསྐོང་ཚོགས་བྱས་ཡོད་པ་རེད་ ཚོགས་འདུ་དེ་ནི་ ཕྱི་ཟླ་དགུ་པའི་ཚེས་༢༣ རེས་གཟའ་པ་སངས་ཉིན་ India International Centreཞེས་པའི་ལྟེ་གནས་ཁང་དུ་ཚོགས་ཡོད་པ་དང་ རྒྱ་གར་ནང་ཡོད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཡན་ལག་གི་འགན་འཛིན་བསྟན་འཛིན་ཚེ་ལྷ་ལགས་ཀྱིས་གསུངས་དོན་ལྟར་ན་ བོད་ནང་ཆུ་མཛད་རྒྱག་རྒྱུ་སྔོན་འགོག་བྱ་རྒྱུའི་ཆེད་དུ་ བོད་རང་བཙན་སློབ་ཕྲུག་ཚོགས་པས་ལས་འགུལ་སྤེལ་ཏེ་ ད་ཆ་ལོ་གཅིག་ལྷག་ཙམ་ཞིག་འགྲོ་གི་ཡོད་པ་དང་ དུས་ཡུན་དེའི་རིང་ལ་འབྲེལ་ཡོད་རྒྱལ་ཁབ་མང་པོའི་འཐབ་རྩོད་པ་བསྡུ་རུབ་བྱེད་ཐུབ་པ་སོགས་ཀྱི་གྲུབ་འབྲས་བྱུང་ཡོད་པ་རེད།

XS
SM
MD
LG