ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་མི་རི་ཀར་གནས་བཞུགས་བསྟན་འཛིན་ཚེ་བརྟན་ཕྱོགས་ལེགས་ལགས་ཀྱིས་བཟོ་སྐྲུན་བྱས་པའི་བོད་ཀྱི་དངོས་བྱུང་གློག་བརྙན་ཕ་ས་བུ་ཐུག་ཅེས་པ་ལྷོ་ཀོ་རི་ཡའི་མང་ཚོགས་ཀྱིས་དགའ་མོས་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་ཅིང་། གློག་བརྙན་དེ་ལྷོ་ཀོ་རི་ཡའི་རྒྱལ་ས་སོལ་དང་གྲོང་ཁྱེར་ཆེ་ཁག་ཕུ་སན་གྱི་གློག་བརྙན་ཁང་༤༠ ཙམ་གྱི་ནང་དུ་དུས་གཅིག་ལ་བསྟན་རྒྱུའི་ཐག་གཅོད་བྱུང་འདུག དེ་བཞིན་གློག་བརྙན་བཟོ་སྐྲུན་པ་བསྟན་འཛིན་ཚེ་བརྟན་ལགས་དང་རྩོམ་པ་པོ་ཇི་ལྦན་པཀ་གཉིས་ཀྱིས་མཉམ་ལས་བྱས་ཏེ། ཕ་ས་བུ་ཐུག་གི་གློག་བརྙན་སྐོར་ཤོག་གྲངས་༢༨༧ བྱས་པའི་དཔེ་དེབ་ཞིག་ཀྱང་དབུ་འབྱེད་བྱས་ཡོད་ཅིང་། དཔེ་དེབ་དེར་གློག་བརྙན་བཟོ་སྐྲུན་བྱས་པའི་བརྒྱུད་རིམ་དང་གློང་བརྙན་གྱི་སྒྲུང་། དེ་བཞིན་བོད་དོན་སྐོར་སོགས་ཀྱི་གནས་ཚུལ་མང་པོ་ཞིག་བཀོད་ཡོད་པ་རེད།།

XS
SM
MD
LG