བོད་མི་ཧ་ཅང་མང་པོ་གནས་སྡོད་བྱེད་ས་ཁེ་ན་ཌའི་པཀ་ཌེལ་ས་གནས་ཀྱི་གྲོས་ཚོགས་འཐུས་མི་ཨ་རིབ་ ཝི་ར་ནི་ནི་ད་ཆ་ཁེ་ན་ཌའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོར་གསར་བསྐོས་བྱུང་ཡོད་པ་དང་། ཁོང་གིས་བོད་མི་ཚོས་རྩ་དོན་ཐོག་དོ་འཁུར་ཆེན་པོ་བྱེད་དགོས་པ་མ་ཟད་ས་གནས་ཀྱི་ལས་དོན་མང་པོའི་ནང་མཉམ་ཞུགས་ལེགས་པོ་བྱེད་ཀྱིན་འདུག་ཅེས་བསྔགས་བརྗོད་གནང་ཡོད་པ་སོགས་ཀྱི་སྐོར། པདྨ་བདེ་ཆེན་ལགས་ཀྱིས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་དེར་བཅར་འདྲི་ཞུས་ཏེ་ཕྱོགས་བསྒྲིགས་གནང་བའི་གནས་ཚུལ་དེ་གསན་རོགས་གནང་།