ལོ་ལྟར་ཕྱི་ཟླ་གསུམ་པའི་ཚེས་༡༤ཉིན་མོ་དེ་བཞིན་རྒྱལ་སྤྱིའི་ཐོག་གཙང་པོ་དང་ཆུ་རག་ལ་དོ་སྣང་བྱེད་པའི་ཉིན་མོ་ཞིག་ལ་སྲུང་བརྩི་ཞུ་སྲོལ་ཡོད་པ་ལྟར་བོད་རང་བཙན་སློབ་ཕྲུག་ཚོགས་པས་རྒྱ་ནག་གཞུང་གིས་བོད་ཀྱི་ཡར་ཀླུང་གཙང་པོའི་ཐོག་ལ་ཛམ་ཆུ་རག་བརྒྱབས་ཡོད་པའི་རྐྱེན་གྱིས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་གནོད་འཚེ་གང་ཙམ་ཡོང་གི་ཡོད་མིན་ལ་དོ་སྣང་ཡོང་ཐབས་ཀྱི་ལས་འགུལ་ཞིག་དེ་རིང་སྤེལ་བ་མ་ཟད་ལྷག་པར་དུ་རྒྱ་གར་གྱི་ཨ་སམ་ཁུལ་དུ་ཤུགས་རྐྱེན་གང་ཙམ་ཡོང་མིན་གྱི་ཐད་མི་སྣ་ཆེད་གཏོང་གིས་རྟོག་ཞིབ་གནང་བཞིན་ཡོད་པ་སོགས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་ཀྱི་འགན་འཛིན་བསྟན་འཛིན་ཚེ་ལྷ་ལགས་ནས་འགྲེལ་བརྗོད་གནང་བའི་སྐོར་ང་ཚོའི་གསརའགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཞུགས་སྒར་ནས་སྤེལ་བའི་གནས་ཚུལ་ཞིག་གསན་གྱི་རེད།