ཁ་སང་གཟའ་ཕུར་བུ་ནས་བཟུང་སྟེ་རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལོ་འཁོར་ཚོགས་འདུ་གཉིས་པེ་ཅིང་ལ་ཚོགས་ཏེ། ད་ཐེངས་ཀྱི་ཚོགས་ཆེན་ཐོག་ཏུ་༢༠༡༦་ལོའི་རྒྱ་ནག་གི་རྒྱལ་སྲུང་འགྲོ་གྲོན་ཕྱིར་བསྒྲགས་བྱ་དགོས་པ་དང་། ཉམས་ཞིབ་པ་ཚོས་ད་ལྟ་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་དལ་དུ་སོང་ཡོད། རྒྱ་ནག་གི་དཔལ་འབྱོར་སྔར་བཞིན་བརྒྱ་ཆ་བཅུ་གྲངས་རེ་ལོ་ལྟར་འཕེལ་རྒྱས་འགྲོ་ཐུབ་ཀྱི་མེད་པས། ལོ་འདིའི་རྒྱ་ནག་གི་རྒྱལ་སྲུང་འགྲོ་གྲོན་འཕར་སྣོན་ཆེན་པོ་ཞིག་འགྲོ་མི་ཐུབ་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། གཟའ་པ་སངས་ཉིན་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་མགྲིན་ཚབ་པ་ཧྥུ་དབྱིང་གིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། ད་ལོ་རྒྱ་ནག་གི་རྒྱལ་སྲུང་འགྲོ་གྲོན་བརྒྱ་ཆ་༧་ནས་བརྒྱ་ཆ་༨་ཡས་མས་ཤིག་ལས་སྤར་རྒྱུ་མིན་པ་དང་། འདས་པའི་ལོ་བཅུ་ཕྲག་གཉིས་ལ་རྒྱ་ནག་གི་རྒྱལ་སྲུང་འགྲོ་གྲོན་ལོ་ལྟར་གྲངས་གནས་གཉིས་རེ་འཕར་ཡོད་པ་རེད།།