ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

བྱང་ཀོ་རི་ཡས་བར་སྣང་ལ་འཁོར་སྐར་གཏོང་འཆར།


བྱང་ཀོ་རི་ཡས་ཟླ་བ་འདིའི་ཚེས་༨་ནས་༢༥་བར་དུ་འཁོར་སྐར་ཞིག་བར་སྣང་ཁམས་ལ་བཏང་སྟེ། ཁོ་ཚོས་འཛམ་གླིང་གི་སའི་གོ་ལར་རྟོག་ཞིབ་བྱ་འཆར་ཡོད་ཅེས་མཉམ་འབྲེལ་རྒྱལ་ཚོགས་ལ་སྙན་གསེང་ཞུས་ཀྱང་། ལྷོ་ཀོ་རི་ཡ་དང་ཉི་ཧོང་། ཨ་མི་རི་ཀ་སོགས་ཀྱིས་བྱང་ཀོ་རི་ཡས་དོན་དངོས་སུ་རྒྱང་འཕེན་མེ་ཤུགས་འཕུར་མདའ་ཞིག་ཚོད་བྱ་འཆར་ཡོད་པའི་དོགས་པ་བྱེད་ཀྱི་ཡོད་ཅིང་། ཉི་ཧོང་གི་རྒྱལ་སྲུང་བློན་ཆེན་གྱིས་བྱང་ཀོ་རི་ཡས་བར་སྣང་ཁམས་ལ་གཏོང་འཆར་ཡོད་པའི་འཁོར་སྐར་དེ་མེ་ཤུགས་འཕུར་མདའ་ཡིན་སྲིད། གལ་སྲིད་འཁོར་སྐར་དེ་ཉི་ཧོང་གི་བདེ་འཇགས་ལ་ཉེན་ཀ་ཞིག་ཡིན་ན་ཉི་ཧོང་གི་དམག་ལ་མེ་ཤུགས་འཕུར་མདའ་བརྒྱབ་ནས་འཁོར་སྐར་དེ་སྣང་ཁམས་སུ་གཏོར་དགོས་པའི་བཀའ་བཏང་ཡོད། བྱང་ཀོ་རི་ཡས་བར་སྣང་ཁམས་སུ་འཁོར་སྐར་གཏོང་གི་ཡོད་པ་ཟེར་པ་དེར་ཉི་ཧོང་གི་དོགས་ཟོན་ཆེན་པོ་བྱེད་ཀྱི་ཡོད་ཅེས་བཤད་པ་དང་། ལྷོ་ཀོ་རི་ཡའི་གཞུང་གིས་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱེད་ན་མཇུག་འབྲས་ཚབས་ཆེན་ཞིག་མྱོང་རྒྱུ་ལྡོག་ཐབས་མེད་ཅེས་ཉེན་བརྡ་བཏང་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG