ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ལྕམ་སུ་ཅི་ཡི་ཚོགས་པ་མ་ཡན་མར་གྱི་གཞུང་འཛིན་ཚོགས་པར་འགྱུར་རྒྱུ་ཡིན་པ།


ལྕམ་ཨང་སེན་སུ་ཅི་ཡིས་དབུ་ཁྲིད་དེ་ མེ་ཡན་མར་གྱི་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་ རང་ཡུལ་དུ་དམངས་གཙོ་བསྐྱར་གསོ་བྱ་རྒྱུའི་སླད་དུ་ འདས་པའི་ལོ་བཅུ་ཕྲག་མང་པོའི་རིང་འཐབ་རྩོད་བྱས་པའི་རྗེས་སུ་མཐར་ ཉེ་དུས་དམངས་གཙོའི་ལམ་ནས་རྒྱལ་ཡོངས་འོས་བསྡུ་བྱས་པའི་གྲུབ་འབྲས་གཞིར་བཟུང་ ད་ཆ་ཁོང་གིས་དབུ་ཁྲིད་པའི་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་ཚོགས་པ་དེ་བཞིན་ གཞུང་འཛིན་ཚོགས་པར་འགྱུར་གྱི་ཡོད་ཅིང་ ཉེ་དུས་འདེམས་ཐོན་བྱུང་བའི་ལྕམ་སུ་ཅི་ཡི་ཕྱོགས་གཏོགས་གྲོས་ཚོགས་ཀྱི་འཐུས་མི་བརྒྱ་ཕྲག་མང་པོ་ཡོད་པ་དེ་དག་གིས་ རེས་གཟའ་ཟླ་བའི་ཉིན་ གྲོས་ཚོགས་ཀྱི་འཐུས་མིའི་ལས་འཁུར་དངོས་སུ་ལེན་འགོ་ཚུགས་ཏེ་ ཚོགས་པ་དེ་བཞིན་ འཐུས་མི་གྲངས་མང་གི་གནས་བབས་ལྡན་པའི་གཞུང་འཛིན་ཚོགས་པ་ཞིག་ཏུ་འགྱུར་རྒྱུ་རེད།

XS
SM
MD
LG