ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་འགྲུལ་པ་སྐྱེལ་འདྲེན་བྱ་རྒྱུ་འགོ་ཚུགས་པ།


རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོ་ཕལ་ཆེ་རྒྱ་ནག་གི་མངའ་ཁོངས་ཡིན་ཞེས་བདག་རྩོད་ཀྱི་ཡོད་པ་དང་། ད་ལོ་ནས་རྒྱ་ནག་སྐམ་ས་ཆེན་མོ་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་གླིང་ཕྲན་གསར་པ་འཛུགས་སྐྲུན་བྱས་ཡོད་པ་དེ་དག་གི་ཐོག་ཏུ་འགྲུལ་སྐྱེལ་གནམ་གྲུ་འཕུར་ཏེ། རྒྱ་ནག་གི་འབྱོར་ལྡན་པ་སྒེར་པ་ཚོས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན་མ་རྩ་འཛུགས་དགོས་ཞེས་འབོད་སྐུལ་ཞུས་ཡོད་ཅིང་། ༢༠༡༢་ནས་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་ལ་སན་ཧྲ་གྲོང་ཁྱེར་ཞེས་པའི་གླིང་ཕྲན་ཞིག་གསར་འཛུགས་བྱས་ཀྱང་། སན་ཧྲ་གྲོང་ཁྱེར་ཧྲིལ་བོར་མི་འབོར་སྟོང་ཕྲག་འགའ་ཞིག་ལས་མེད་པ་དང་། གླིང་ཕྲན་དེའི་ཉེ་འཁོར་གྱི་གླིང་ཕྲན་གཞན་རྣམས་མི་མེད་ལུང་སྟོང་དུ་ལྷག་ཡོད་པ་རེད།

XS
SM
MD
LG