ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་ཉིན་རེའི་ཚགས་པར་གྱིས་གནས་ཚུལ་སྤེལ་བ་ལྟར་ན་ཞིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ལྗོངས་ཀྱི་ལོ་མཇུག་གི་ས་གནས་མི་མང་འཐུས་མི་ཚོགས་ཆེན་གྱི་སྐབས་སུ། ཚོགས་ཐོག་ས་གནས་སྲིད་གཞུང་གི་མགོ་ཁྲིད་ཚོས་བརྗོད་ན། འདས་ལོའི་སྤྱི་ཟླ་བཅུ་གཉིས་པའི་ནང་དུ་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་ཀྱི་སྐབས་སུ་༼དྲག་སྤྱོད་པར་རྒོལ་ལན་སློག་པའི་ཁྲིམས་ལུག༽་བཟོ་རྒྱུ་མོས་མཐུན་བྱུང་བ་ཡོད་པ་ལྟར། ད་ལྟ་རྒྱ་ནག་ཞིན་ཅང་རང་སྐྱོང་ལྗོངས་ཀྱི་དྲག་སྤྱོད་པར་རྒོལ་ལོན་སློག་པའི་ཁྲིམས་ལུགས་ཞེས་པའི་སྔོན་འགྲོའི་འཆར་ཟིན་མགོ་བརྩམས་་འདུག ཞིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ལྗོངས་ཀྱི་རྒྱལ་ས་ཨའུ་རུ་མཱུ་ཆི་རུ་ས་གནས་མི་མང་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཐེངས་བཞི་བ་འཚོགས་ཡོད་པ་དང་། དེའི་ཐོག་ཞིན་ཅང་ས་ཁུལ་གྱི་ཆེས་མཐོའི་ཁྲིམས་ཁང་གི་ལས་དོན་དང་མི་མང་འཐུས་མིའི་རྒྱུན་ལས་ཚོའི་ལས་བསྡོམ་སྙན་ཞུ་བྱེད་སྐབས།

ཞིན་ཅང་རང་སྐྱོང་ལྗོངས་ཀྱི་མི་མང་འཐུས་མིའི་རྒྱུན་ལས་འགན་འཛིན་ ཡིས་བརྗོད་རྒྱུར། དྲག་སྤྱོད་པར་རྒོལ་ལན་སློག་རྒྱུ་དང་ཆོས་ལུགས་ལྟ་བ་མཐར་ལྷུང་བ་རྩ་མེད་གཏོང་རྒྱུའི་ཐད་ལ་ཞིབ་འཇུག་དང་མཉམ་དུ། ཁྲིམས་ལུགས་གཏན་འབེབས་བྱ་རྒྱུར་སྔོན་འགྲོའི་་ཟིན་ཐོ་འགོད་རྒྱུ་ནི་ད་ལོ་སྤྱི་ལོ་༢༠༡༦ལོའི་ཞིན་ཅང་ས་གནས་སྲིད་གཞུང་གི་དམིགས་ཡུལ་གཙོ་བོ་ཡིན་པ་དང་། ཡང་འདི་ནི་ཞིན་ཅང་དུ་དྲག་སྤྱོད་པ་དང་ཆོས་ལུགས་ཀྱི་ལྟ་བ་མཐར་ལྗུང་ཅན་ཚོ་ལ་རྒོལ་ལན་སློག་པར་ཁྲིམས་ཐོག་སྲུང་སྐྱོབ་ལྡན་དང་པ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་རེད་འདུག

XS
SM
MD
LG