ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༣/༠༩/༢༨

བྱང་ཨ་རིའི་སྤྱི་འཐུས་འོས་མིའི་བགྲོ་གླེང་ལས་རིམ་ཐེངས་གཉིས་པ།


ཟླ་འདིའི་ཕྱི་ཚེས་༩ ཉིན་ཨ་རིའི་རྒྱལ་སའི་མངའ་ཁུལ་དུ་གནས་འཁོད་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པས་སྐབས་༡༦ པའི་བྱང་ཨ་རིའི་ཁོངས་བོད་མི་མང་སྤྱི་འཐུས་འོས་མིའི་བགྲོ་གླེང་ལས་རིམ་ཞིག་གོ་སྒྲིག་གནང་ཡོད་པ་དང་། བགྲོ་གླེང་ལས་རིམ་ལ་བྱང་ཨ་རིའི་བོད་མིའི་སྤྱི་འཐུས་འོས་མི་དྲུག་གིས་མཉམ་ཞུགས་གནང་སྟེ། ༧གོང་ས་མཆོག་དང་འབྲེལ་བའི་འདྲི་བ། དོལ་རྒྱལ་གྱི་གནད་དོན། བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་ཡོང་ཐབས། བོད་མིའི་སྒྲིག་འཛུགས། བོད་ཀྱི་སྐད་ཡིག་སྲུང་སྐྱོང་བྱ་ཕྱོགས་དང་འབྲེལ་བའི་འདྲི་བ་བཅས་ལ་བཀའ་ལན་གནང་ཡོད་པ་རེད། བགྲོ་གློང་གཙོ་སྐྱོང་བའི་འདྲི་བ་བཏང་བ་ཁག་ནི་རྒྱལ་སའི་མངའ་ཁུལ་ལ་གནས་འཁོད་བོད་མི་དང་གཞོན་ནུའི་འཐུས་མི་ཚོའི་ས་གནས་བསྡུ་རུབ་བྱས་པའི་འདྲི་ཁག་ཡིན་ཞིང་། བགྲོ་གླེང་ལས་རིམ་ལ་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་མི་མཉམ་ཞུགས་གནང་ཡོད་པ།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG