ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

བལ་ཡུལ་དེ་བཞིན་རྒྱ་དཀར་ནག་གཉིས་ཀྱི་ཤུགས་རྐྱེན་འགྲན་བསྡུར་བྱ་ཡུལ་ལྟ་བུ་ཞིག


རྒྱ་ནག་གིས་ བལ་ཡུལ་དེ་བཞིན་ ཁུ་ཚུར་འགྲན་ས་ལྟ་བུ་ རྒྱ་དཀར་ནག་གཉིས་ཀྱི་ཤུགས་རྐྱེན་འགྲན་བསྡུར་བྱ་ཡུལ་ཞིག་ལ་ངོས་འཛིན་བྱས་ན་འགྲིགས་ཐབས་མེད་པས་ རྒྱ་གར་གཞུང་གིས་ངེས་པར་དུ་བལ་ཡུལ་ལ་འདྲ་མཉམ་གྱི་འདུ་ཤེས་འཛིན་དགོས་པ་ཡིན་ཞེས་བརྗོད་ཡོད་པའི་གནས་ཚུལ་ཐོན་འདུག་ དེ་ཡང་ བལ་ཡུལ་གྱི་སྲིད་བློན་གཞོན་པ་དང་ཕྱི་འབྲེལ་བློན་ཆེན་གཅིག་ལྕོགས་ཀཱ་མལ་ཐཱ་པ་ རྒྱ་ནག་གི་ནང་ ཉིན་ལྔའི་རིང་རྒྱལ་དོན་འཚམས་འདྲི་བྱ་རྒྱུའི་སླད་དུ་ རེས་གཟའ་པ་སངས་ཉིན་ པེ་ཅིང་དུ་འབྱོར་ཡོད་པ་དེ་སྐབས་ རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཝང་ཡཱི་ཡིས་གཙོས་པའི་གཞུང་འབྲེལ་མི་སྣ་ཁག་དང་ཐུག་འཕྲད་བྱས་ཏེ་ གནད་དོན་མང་པོའི་ཐད་གྲོས་མོལ་བྱས་ཡོད་པ་རེད་ གྲོས་མོལ་ཚར་བའི་རྗེས་སུ་ཝང་ཡི་དང་ ཀཱ་མལ་ཐཱ་པ་གཉིས་མཉམ་དུ་གསར་འགོད་ལྷན་ཚོགས་ཤིག་བྱས་ཡོད་པ་དེའི་ཐོག་ རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་གྱིས་གོང་གི་གཏམ་བཤད་དེ་བྱས་ཏེ་ རྒྱ་ནག་གིས་ག་དུས་ཡིན་རུང་ རྒྱལ་ཁབ་ཆེ་ཆུང་ག་རེ་ཡིན་པར་མ་བལྟོས་པར་ཚང་མ་འདྲ་མཉམ་ཡིན་པར་ངོས་འཛིན་བྱས་ཡོད་ ང་ཚོ་རྒྱ་ནག་དང་བལ་ཡུལ་གཉིས་ལ་ཆ་མཚོན་པ་ཡིན་ན་ ཕྱོགས་གཉིས་ཕན་ཚུན་ལྷག་བསམ་རྣམ་དག་དང་ འདྲ་མཉམ་གྱི་འདུ་ཤེས་ཤིག་གི་ཐོག་ནས་འབྲེལ་བ་བྱས་ཡོད་པས་ རྒྱ་གར་གྱི་ཕྱོགས་ནས་ཀྱང་དེ་མཚུངས་བྱེད་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་ཡོད་པ་རེད།

XS
SM
MD
LG