ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཀེ་ནེ་ཌའི་མཛངས་མ་ལ་ཀེ་ནེ་ཌའི་གཞུང་གིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ།


རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བའི་གནས་ཚུལ་ལ་ རྒྱལ་སྤྱིས་དོ་སྣང་ཡོང་ཐབས་སུ་དམིགས་ཏེ་ ཀེ་ནེ་ཌའི་མཛངས་མ་ཨཱ་ན་སེ་ཀྲ་ཤི་ཡ་ ལིན་གྱིས་ གཏམ་བཤད་སྤེལ་བ་སོགས་བྱེད་ཀྱི་ཡོད་སྟབས་ རྒྱ་ནག་གཞུང་གིས་ཁོང་ལ་སྡང་ཟུག་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་ཀྱང་ ཀེ་ནེ་ཌ་གཞུང་གིས་ ཁོང་གི་ལས་འགུལ་ལ་རྒྱབ་སྐྱོར་ཡོད་ལུགས་ནན་བརྗོད་གནང་ཡོད་པ་རེད་ དེ་ལྟར་ནའང་ འཛམ་གླིང་གི་མཛངས་མའི་འགྲན་བསྡུར་ནང་ཞུགས་མཁན་རྣམས་ཀྱིས་འགྲན་བསྡུར་བྱེད་སྒོ་མཐའ་མ་དེ་ ཟླ་བ་རྗེས་མ་རྒྱ་ནག་གི་སྤྲོ་སེང་ས་ཁུལ་ཧེ་ནན་གྱི་ནང་བྱ་རྒྱུ་ཡིན་པ་དེའི་ནང་ ལིན་འགྲན་ཞུགས་བྱ་རྒྱུར་རྒྱ་ནག་གཞུང་གིས་ཐོངས་མཆན་༼visa༽སྤྲོད་ཀྱི་མེད་པ་དེའི་ཐད་ ཀེ་ནེ་ཌ་གཞུང་གི་ཕྱོགས་ནས་ཁོང་ལ་རོགས་ཕན་གང་ཡང་བྱེད་ཐུབ་པ་མི་འདུག་ཅེས་ གཞུང་གི་མགྲིན་ཚབ་པ་ཕྷི་རན་ཀོ་སེ་ ལཱ་སལ་གྱིས་འགྲེལ་བརྗོད་གནང་ཡོད་འདུག

XS
SM
MD
LG