ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

འབར་མའི་གཞུང་འཛིན་ཚོགས་པར་འོས་འདེམས་ཀྱི་ཕམ་ཉེས།


མི་ལོ་༢༥་རྗེས་སུ་འབར་མ་རྒྱལ་ཁབ་ལ་རང་དབང་དང་དམངས་གཙོའི་ལམ་ནས་སྤྱི་ཡོངས་འོས་འདེམས་ཐེངས་དང་པོ་བྱས་ཡོད་ཅིང་། ད་ཐེངས་ཀྱི་འོས་འདེམས་སྐབས་སུ་འབར་མའི་གཞུང་འཛིན་ཚོགས་པར་ཕམ་ཉེས་ཆེན་པོ་བྱུང་སྟེ། ཨང་སན་སུ་ཇིས་འགོ་ཁྲིད་པའི་འབར་མའི་ཁ་གཏད་ཚོགས་པ་སྟེ་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་ཚོགས་པར་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་ཁ་འཐོབ་ཡོད་པའི་རྟགས་མཚན་སྣ་མང་ཞིག་ཐོན་ཡོད་པ་དང་། གཟའ་ཟླ་བའི་ཉིན་འབར་མའི་གཞུང་འཛིན་གཅིག་སྒྲིལ་མཉམ་འབྲེལ་དང་ཡར་རྒྱས་ཚོགས་པའི་ལས་ཚབ་ཚོགས་གཙོས་ཀྱང་གཞུང་འཛིན་ཚོགས་པར་འོས་འདེམས་ཀྱི་ཕམ་ཉེས་བྱུང་བ་ངོས་ལེན་བྱས་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG