ངོ་འཕྲད་བདེ་བའི་དྲ་འབྲེལ།

ཕྱི་ཟླ་༡༡་ཚེས་༧་ཉིན་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིན་དང་ཐེ་ཝན་གྱི་སྲིད་འཛིན་མ་དབྱིན་ཇུག་གཉིས་སིང་ག་པུར་དུ་ཐུག་འཕྲད་བྱ་འཆར་ཡོད་ཀྱང་། ཁོ་ཚོས་གྲོས་མཐུན་འཇོག་པ་དང་ཐུན་མོང་གི་སྤྱི་བསྒྲགས་སོགས་གང་ཡང་སྤེལ་འཆར་མེད་ཅིང་། ཉམས་ཞིབ་པ་ཚོས་མཚོ་འགག་ཕྱོགས་གཉིས་ཀྱི་སྲིད་འཛིན་རྣམ་པའི་ཐུག་འཕྲད་དེ་མཚོན་དོན་ཙམ་ཡིན་པ་དང་། གཟའ་སྤེན་པའི་ཐུག་འཕྲད་སྐབས་སུ་ཆབ་སྲིད་གྲོས་མོལ་དང་རྒྱ་ནག་དང་ཐེ་ཝན་གཉིས་གཅིག་གྱུར་བྱ་རྒྱུ་ཡིན་མིན་སོགས་ལ་གྲོས་བསྡུར་གང་ཡང་བྱ་མི་ཐུབ་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་མ་ཟད། ༡༩༤༥་ལོར་རྒྱ་ནག་གུང་ཁྲན་ཏང་གི་འགོ་ཁྲིད་མའོ་ཙེ་ཏུང་དང་སྐབས་དེར་རྒྱ་ནག་སྐམ་ས་ཆེན་མོར་དབང་སྒྱུར་བྱས་པའི་གོ་མིན་ཏང་གི་སྲིད་འཛིན་ཅང་ཇེ་ཧྲི་གཉིས་ཐུག་འཕྲད་བྱས་ནས་བཟུང་། ད་བར་རྒྱ་ནག་གི་སྲིད་འཛིན་ཞིག་དང་ཐེ་ཝན་གྱི་སྲིད་འཛིན་ཞིག་ཐུག་འཕྲད་བྱུང་མྱོང་མེད་པ་རེད།།

XS
SM
MD
LG