ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༣/༡༠/༠༢

རྒྱ་ནག་གིས་བོད་ཀྱི་ཆུ་ཚོང་སྒྱུར་བྱེད་བཞིན་པའི་རྐྱེན་གྱིས་ཁོར་ཡུག་ལ་གནོད་སྐྱོན་ཡོང་སྲིད་པ།


རྒྱ་ནག་གི་གཞུང་གིས་བོད་མཐོ་སྒང་གི་འཁྱགག་རོམ་ནས་ཆས་པའི་གཙང་ཆུ་ཧ་ཅང་ཁྱོན་འབོར་ཆེན་པོ་ཚོང་འབྲེལ་གྱི་ཆེད་བེད་སྤྱོད་བྱེད་བཞིན་པའི་རྐྱེན་གྱིས། བོད་ཙམ་མ་ཡིན་པར་མངའ་ཁུལ་སྤྱིའི་ཁོར་ཡུག་ལ་དོ་ཕོག་ཧ་ཅང་ཆེན་པོ་ཡོང་ཉེན་ཡོད་ལུགས་ ཉམས་ཞིབ་པ་ཚོས་སྔོན་དཔག་བྱེད་བཞིན་འདུག དེ་ཡང། བོད་ནང་གི་སྲིད་པའི་འཁྱགས་རོམ་ཁག་ཧ་ཅང་མྱུར་པོ་ཞུར་བཞིན་ཡོད་པ་མ་ཟད། བོད་མཐོ་སྒང་གི་ས་ཁུལ་ཧ་ཅང་མང་པོའི་ནང་གཏེར་རྫས་ཧ་ཅང་མང་པོ་བསྔོག་འདོན་ཀྱི་ལས་གཞི་སྤེལ་བཞིན་པའི་དབང་གིས་ཁྱིམ་མཚེས་ཡུལ་གྲུ་ཁག་ལ་ཤུགས་རྐྱེན་ཆེན་པོ་ཡོང་བཞིན་ཡོད་པ་དང། ཕྱོགས་མཚུངས། རྒྱ་ནག་གཞུང་གིས་ཚོང་འབྲེལ་ཆེད་བོད་ཀྱི་ཆུའི་ཐོན་ཁུངས་བཀོལ་སྦྱོད་ཤས་ཆེ་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

ཉེ་ལམ་བོད་རང་སྐྱོང་ལྗོངས་ཀྱིས་ལོ་བཅུ་ཚན་གྱི་དཔལ་འབྱོར་གྱི་འཆར་གཞི་གསལ་བསྒྲགས་བྱས་པའི་ནང་གསལ་ལ། འབྱུང་འགྱུར་བོད་ཀྱི་ཆུའི་ཐོན་ཁུངས་ཧ་ཅང་ཤས་ཆེ་བཀོལ་སྦྱོད་བྱས་ཏེ། ཚོང་སྒྱུར་བྱ་རྒྱུའི་ཐད་འབད་བརྩོན་དང་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞེས་འཁོད་ཡོད་པ་དང་། བོད་མཐོ་སྒང་གི་གཙང་ཆུ་ཁག་ནས་ཆུ་དྲངས་ཏེ་ཤེལ་དམ་ནང་བླུག་སྟེ། རྒྱ་ནག་གཙོ་བོར་འགྱུར་བའི་རྒྱལ་ཁབ་གཞན་ནང་ཚོང་སྒྱུར་བྱ་རྒྱུའི་འཆར་གཞི་ཡོད་ཅིང་།

བོད་རང་སྐྱོང་ལྗོངས་ས་གནས་སྲིད་གཞུང་གི་དམིགས་ཚད་ལྟར་ན། ༢༠༢༠ ནང་ཚུད་བོད་ནང་འཐུང་ཆུ་ཀུ་བྷིཀ་མི་ཊར་ས་ཡ་༥ ཙམ་མཁོ་འདོན་ཐུབ་པའི་བཟོ་ལས་ཀྱི་ལས་གཞི་འཛུགས་སྐྲུན་ཐུབ་པ་བྱ་རྒྱུ་དང་། ཕྱི་ལོ་༢༠༡༤ ལོའི་ནང་བོད་ནས་འཐུང་ཆུ་ཀུ་བྷིཀ་མི་ཊར་འབུམ་གཅིག་དང་སྟོང་འཕྲག་༥༣ མ་གཏོགས་མཁོ་འདོན་བྱེད་ཐུབ་མེད་པ་རེད། ལས་གཞི་འདིའི་རྐྱོན་གྱི་བོད་ཙམ་མ་ཡིན་པར་ཁྱིམ་མཚེས་ཡུལ་གྲུ་ཁག་ལ་ཤུགས་རྐྱེན་ཆེན་པོ་ཡོང་སྲིད་ལུགས་ཁོར་ཡུག་ཉམས་ཞིབ་པས་ཚོང་དཔག་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG