ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ལོ་ཝེལ་ཐཱོ་མཱ་སེ་བོད་ལ་བསྐྱོད་པའི་སྐབས་ཀྱི་པར་རིས་འགྲེམས་སྟོན་གནང་ཡོད་པ།


བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་བོད་ཀྱི་དཔེ་མཛོད་ཁང་གིས་ དེ་སྔ་ཕྱི་ལོ་༡༩༤༩དགུའི་ལོར་ ཨ་མི་རི་ཀའི་རླུང་འཕྲིན་རྒྱང་སྲིང་བ་ ལོ་ཝེལ་ཐཱོ་མཱ་སེ་དང་ ཁོང་གི་བུ་ལོ་ཝེལ་ཐཱོ་མཱ་སེ་གཞོན་པ་བཅས་ཕ་བུ་གཉིས་བོད་ལ་བསྐྱོད་དེ་ པར་བརྒྱབས་པ་བརྒྱ་སྐོར་ཙམ་ཞིག་ དཔེ་མཛོད་ཁང་གི་ཚོགས་ཁང་ཞིག་ཏུ་ ཟླ་བ་འདིའི་ཚེས་༧ནས་འགྲེམས་སྟོན་བྱེད་འགོ་བཙུགས་ཡོད་ཅིང་ བོད་ཀྱི་དཔེ་མཛོད་ཁང་གིས་གོ་སྒྲིག་གནང་བའི་འགྲེམས་སྟོན་དེ་ ཕྱི་ཟླ་བཅུ་པའི་ཚེས་ཉི་ཤུ་གཅིག་བར་བྱ་རྒྱུ་དང་ དེའི་ནང་ དེ་སྔ་བོད་མི་རྣམས་ཀྱིས་གཏན་ནས་མཐོང་མྱོང་མེད་པའི་བོད་ཀྱི་པར་རིས་མང་པོ་ཞིག་ཀྱང་ཡོད་སྟབས་ དེ་དག་འགྲེམས་སྟོན་བྱ་རྒྱུ་དེ་གལ་ཆེར་གཟིགས་ཏེ་ བོད་ཀྱི་དཔེ་མཛོད་ཁང་གིས་ལོ་ཤས་ནས་གོ་སྒྲིག་གནང་བ་ཞིག་ཡིན་པ་དང་ པར་རིས་དེ་དག་ནི་ ལོ་རྒྱུས་ཀྱི་དཔང་པོ་གལ་ཆེན་ཞིག་ཀྱང་ཆགས་ཀྱི་འདུག་ཅེས་ དཔེ་མཛོད་ཁང་གི་དྲུང་ཆེ་ངག་དབང་ཡེ་ཤེས་ལགས་ཀྱིས་འགྲེལ་བརྗོད་གནང་ཡོད་པའི་སྐོར་ འདི་གའི་གསར་འགྱུར་མཁོ་གཏོང་བ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་ཞིག་གསན་རོགས་གནང་།

XS
SM
MD
LG