ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༣/༠༦/༡༠

སྦྱང་འབྲས་ཧ་ཅང་བཟང་པོ་ཐོབ་པའི་སློབ་ཕྲུག་ཅིག་ལ་སྲིད་སྐྱོང་གིས་བྱ་དགའ་གནང་།


གནམ་གྲུ་བཟོ་གཏོང་རིག་རྩལ་ཐད་སློབ་གཉེར་གནང་མཁན་འཇིགས་མེད་ཚེ་རིང་ལགས་སུ་ སློབ་ཡོན་ཧིན་སྒོར་འབུམ་གཅིག་གསོལ་རས་གནང་ཡོད་པ་རེད་ དེ་ཡང་ དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་ཚན་པས་ ཕྱི་ལོ་༢༠༡༣ལོ་ནས་སློབ་ཡོན་གྱི་སྒྲིག་གཞི་གསར་པ་ཞིག་གཏན་འབེབས་གནང་སྟེ་ མཐོ་སློབ་ཏུ་གཙུག་ལག་རབ་འབྱམས་པ་དང་ ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་གཉེར་གནང་མཁན་སློབ་ཕྲུག་རྣམས་ཀྱིས་སློབ་གཉེར་བྱེད་པའི་སློབ་ཚན་གྱི་ལོ་འཁོར་ཡིག་རྒྱུགས་སྦྱང་འབྲས་བརྒྱ་ཆ་༩༥ལྷག་རག་པ་ཡིན་ན་ སློབ་ཡོན་ཧིན་སྒོར་འབུམ་གཅིག་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་པ་བཞིན་ འདི་ལོ་རྒྱ་གར་གྱི་ཅཱི་ནཱཡེ་ཁུལ་དུ་ཡོད་པའི་ཧིན་རྡུ་སེ་ཏན་གཙུག་ལག་སློབ་གཉེར་ཁང་དུ་༼B.Tech.༽འམ་ འཕྲུལ་ཆས་རིག་རྩལ་གྱི་ཐད་ཆེད་ལས་སློབ་སྦྱོང་གནང་མཁན་འཇིགས་མེད་ཚེ་རིང་ལགས་ལ་ ལོ་རིམ་དང་པོའི་སྐབས་བརྒྱ་ཆ་༩༧.༩ཐོབ་སྟེ་ མཐོ་སློབ་ནང་ཨང་དང་པོ་སོན་པ་མ་ཟད་ ཤེས་རིག་ལས་ཁུངས་ནས་སློབ་ཡོན་ཧིན་སྒོར་འབུམ་གཅིག་གི་བྱ་དགའ་ཡང་ཐོབ་ཐུབ་ཡོད་པའི་སྐོར་ འདི་གའི་གསར་འགྱུར་མཁོ་གཏོང་བ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་ཞིག་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG