ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སྲིད་འཛིན་ཨོ་བྷ་མས་ཡི་ཤུའི་བླ་ཆེན་སྤོབ་ཕོ་བྲང་དཀར་པོར་ཕེབས་བསུ་ཞུས་པ།


ཡི་ཤུའི་བླ་ཆེན་སྤོབ་ཕྷི་རིན་སིས་དང་ཨ་རིའི་སྲིད་འཛིན་བྷ་རག་ ཨོ་བྷ་མ་རྣམ་གཉིས་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་གནང་བ་དང་། མཇལ་འཕྲད་མ་གནང་གོང་དེར་ཕོ་བྲང་དཀར་པོའི་ལྷོ་ཕྱོགས་ཐང་ཆེན་དུ་ཕེབས་བསུའི་མཛད་སྒོ་ཞིག་གནང་བ་དེར་ཆེད་དུ་གདན་ཞུ་མགྲོན་འབོད་བྱས་པའི་མི་སྣ་ཉིས་སྟོང་ཙམ་འཛོམས་ཡོད་པ་རེད། བླ་ཆེན་སྤོབ་ཕོ་བྲང་དཀར་པོར་ཕེབས་འབྱོར་གནང་བ་དང་སྲིད་འཛིན་ཨོ་བྷ་མ་གཏན་ཞལ་གཉིས་ཀྱིས་གུས་བསུ་ཞུས་གནང་བའི་རྗེས་ཨ་རི་བའི་སྔར་སྲོལ་དམག་མིའི་རོལ་དབྱངས་དང་བཅས་ཕེབས་བསུ་ཞུས། དེ་རྗེས་སྲིད་འཛིན་ཨོ་བྷ་མས་ཕེབས་བསུའི་གསུང་བཤད་གནང་བའི་ནང་ད་རིང་ཉི་མ་ཤིན་ཏུ་བཟང་པོ་འདི་ནི་དཀོན་མཆོག་གི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་དང་། ད་རིང་འདིར་འཛོམས་པ་འདི་ནི་ཨ་རི་བ་ཡི་ཤུའི་ཆོས་དད་པ་འབུམ་བདུན་ཅུ་ལྷག་ཙམ་ཡོད་པ་དེ་དག་གི་ཚབ་མཚོན་གྱི་ཡོད་ཅེས་གསུངས་འདུག བླ་ཆེན་སྤོབ་ཀྱིས་གསུང་བཤད་གནང་བའི་ནང་ཕྱི་མི་གཞིས་ཆགས་དང་མཚན་མཐུན་ནང་ཁུལ་ཆང་ས་བརྒྱབ་པ་སོགས་ཀྱི་ཐད་ཨ་རི་བའི་ཆབ་སྲིད་ཀྱི་དབུ་ཁྲིད་ཚོའི་ནང་འགལ་ཟླར་འགྱུར་བའི་གནད་དོན་ཁག་གཅིག་གི་སྐོར་ལའང་འགྲེལ་བརྗོད་གནང་འདུག བླ་ཆེན་སྤོབ་མཇལ་ཁ་ཞུ་རྒྱུར་ཨ་རི་བ་སྟོང་ཚོ་མང་པོ་ཕེབས་ལམ་གྱི་གཡས་གཡོན་དུ་རྒྱུན་རིང་རུ་བསྟར་བསྒྲིགས་ཏེ་ངང་སྒུག་བྱས་ཡོད་པ་རེད།

XS
SM
MD
LG