ངོ་འཕྲད་བདེ་བའི་དྲ་འབྲེལ།

ཀིལྣ་ཏྲན་ལ་མཐུན་གྲོགས་ཤིག་གིས་ཨ་རིའི་ཆབ་སྲིད་དང་ཕྱི་འབྲེལ་སྲིད་བྱུས་ཀྱི་ཐད་སློབ་སྟོན་བྱས་ཡོད་པ།


ཨ་མི་རི་ཀའི་དམངས་གཙོ་ཚོགས་ཁོངས་ཀྱི་སྲིད་འཛིན་འོས་མི་ལྕམ་ཧི་ལཱ་རི་ ཀིལྣ་ཏྲན་ དེ་སྔ་ཕྱི་སྲིད་དྲུང་ཆེ་ཡིན་པའི་སྐབས་ཁོང་ལ་ གཞུང་གི་ལས་གནས་གང་ཡང་མེད་པའི་ཉེ་འབྲེལ་ཧ་ཅང་ཆེ་བའི་མི་ཞིག་གིས་ ཨ་མི་རི་ཀའི་ཆབ་སྲིད་དང་ ཕྱི་འབྲེལ་སྲིད་བྱུས་ཀྱི་ཐད་སློབ་སྟོན་བྱས་ཡོད་པ་མ་ཟད་སྲིད་འཛིན་གྱི་ལས་ཁུངས་དང་འབྲེལ་བ་བྱ་ཕྱོགས་ཀྱི་ཐད་ལའང་སློབ་སྟོན་བྱས་ཡོད་པ་རེད་ དེ་ཡང་ ལྕམ་ཀིལྣ་ཏྲན་གྱིས་ ཕྱི་སྲིད་དྲུང་ཆེའི་མཛད་འཁུར་བཞེས་པའི་རིང་ལ་ གཞུང་འབྲེལ་གློག་འཕྲིན་བེད་སྤྱོད་མ་གནང་བར་ སྒེར་གྱི་གློག་འཕྲིན་བེད་སྤྱོད་གནང་སྟེ་གཞུང་དོན་མང་པོ་གནང་ཡོད་པའི་སྐོར་གྱི་གནད་དོན་དེ་ནི་ དེང་སྐབས་ཁོང་ལ་སྐྱོན་བརྗོད་ཡོང་གཞིའི་གནད་དོན་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་དང་ དབུས་གཞུང་གི་ཁྲིམས་དཔོན་ཞིག་གིས་ ལྕམ་ཀིལྣ་ཏྲན་ལ་གློག་འཕྲིན་དེ་དག་ཚང་མ་ཕྱི་སྲིད་ལས་ཁུངས་ལ་རྩིས་སྤྲོད་དགོས་པའི་བཀའ་བཀོད་བཏང་བ་བཞིན་ཁོང་གིས་གློག་འཕྲིན་སྟོང་ཕྲག་མང་པོ་རྩིས་སྤྲོད་བྱས་ཡོད་པ་རེད་ དེ་ཁོངས་ནས་མང་པོ་ཞིག་རིམ་པས་ཕྱི་བསྒྲགས་བྱས་ཡོད་པ་དང་ གཟའ་ཟླ་བའི་ཕྱི་དྲོ་ཙམ་ལ་ ཕྱི་སྲིད་ཁང་གིས་ཡང་བསྐྱར་དེ་སྐབས་ལྕམ་ཀིལྣ་ཏྲན་ལ་བཏང་འབྱོར་བྱུང་བའི་གློག་འཕྲིན་ཤོག་གྲངས་བདུན་སྟོང་ལྷག་ཙམ་ཞིག་ཕྱི་བསྒྲགས་བྱས་ཡོད་ཅིང་ དེའི་ནང་ དེ་སྔ་སྲིད་འཛིན་བིལ་ཀིལྣ་ཏྲན་གྱི་ཐབས་བྱུས་འདྲི་ཡུལ་སིཌ་ནཱི་ བྷུལུ་མན་ཐལ་གྱིས་ ལྕམ་ཀིལྣ་ཏྲན་ལ་རྒྱལ་ནང་གི་གནད་དོན་མང་པོ་དང་ ཕྱི་འབྲེལ་གྱི་གནད་དོན་བཅས་ཀྱི་ཐད་སློབ་སྟོན་བྱས་པའི་གནས་ཚུལ་མང་པོ་ཡོད་པ་རེད།

XS
SM
MD
LG