ངོ་འཕྲད་བདེ་བའི་དྲ་འབྲེལ།

ལྷོ་ཀོ་རི་ཡས་ཉི་ཧོང་དང་འབྲེལ་མཐུད་གཏིང་ཟབ་ཏུ་གཏོང་ཐབས་བྱེད་ཀྱི་ཡོད་པ།


རྒྱ་ནག་གིས་སྣེ་ཁྲིད་བྱས་པའི་ཨེ་ཤི་ཡའི་ནང་རྒྱ་ལམ་གསར་རྒྱག་དང་ ཟམ་པ་གསར་རྒྱག་བྱ་རྒྱུས་མཚོན་པའི་རྨང་གཞིའི་འཛུགས་བསྐྲུན་གྱི་མ་དངུལ་ཐེབས་རྩ་ཁང་གི་ནང་མཉམ་ཞུགས་བྱ་རྒྱུར་ཉི་ཧོང་གིས་ཟབ་ནན་མུ་མཐུད་ བྱེད་ཀྱི་ཡོད་པར་མ་ལྟོས་པར། ལྷོ་ཀོ་རི་ཡས། ཨེ་ཤི་ཡའི་འཛུགས་བསྐྲུན་གྱི་ མ་དངུལ་ཐེབས་རྩ་ཁང་གི་གནད་དོན་དང་འབྲེལ་ཏེ། ཉི་ཧོང་དང་འབྲེལ་མཐུད་ གཏིང་ཟབ་ཏུ་གཏོང་ཐབས་བྱེད་ཀྱི་ཡོད་པ་དང་། ལྷོ་ཀོ་རི་ཡའི་ནོར་སྲིད་དཔལ་འབྱོར་བློན་ཆེན་ཡིས། ཉི་ཧོང་གི་ནོར་སྲིད་དཔལ་འབྱོར་བློན་ཆེན་ལ། ཉི་ཧོང་དང་ལྷོ་ ཀོ་རི་ཡའི་ནོར་སྲིད་བློན་ཆེན་རྣམ་གཉིས་ཀྱི་མཇལ་འཕྲད་གྲོས་མོལ་འདི་ནི། ཨེ་ཤི་ཡའི་རྨང་གཞིའི་འཛུགས་སྐྲུན་མ་དངུལ་ཐེབས་རྩ་ཁང་དང་འབྲེལ་བའི་ ཡུལ་གྲུ་དེ་གཉིས་ཀྱི་འབྲེལ་ལམ་གཏིང་ཟབ་ཏུ་གཏོང་ཐབས་སུ་དམིགས་པའི་ སྐུལ་འདེད་ཤིག་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་རེད། རྒྱ་ནག་གིས་མགྲོན་བདག་བྱས་ཏེ། ཨ་སྒོར་ཐེར་འབུམ་བརྒྱ་ཐམ་པ་མ་གནས་ ཨེ་ཤི་ཡའི་རྨང་གཞིའི་འཛུགས་སྐྲུན་མ་དངུལ་ཐེབས་རྩ་ཁང་འདི་ནི། ཨ་མེ་རི་ ཀས་དབང་བསྒྱུར་བྱས་པའི་འཛམ་གླིང་དངུལ་ཁང་དང་། ཉི་ཧོང་གིས་སྣེ་ཁྲིད་ བྱས་པའི་ཨེ་ཤི་ཡའི་འཛུགས་སྐྲུན་དངུལ་ཁང་གི་ཁ་གཏད་ཡིན་པར་མཐོང་ ཕྱོགས་འཛིན་གྱི་ཡོད་པ་ལྟར། རེས་གཟའ་ཕུར་བུའི་ཉིན་ཉི་ཧོང་གིས་འབྱུང་ འགྱུར་ལོ་ལྔའི་རིང་ཨེ་ཤི་ཡའི་རྨང་གཞིའི་འཛུགས་སྐྲུན་གྱི་ལས་དོན་ཆེད་དུ་ཨ་ སྒོར་ཐེར་འབུམ་བརྒྱ་དང་བཅུའི་མ་དངུལ་རོགས་རམ་བྱ་རྒྱུའི་གསལ་ བསྒྲགས་གནང་ཡོད་པ་རེད།

XS
SM
MD
LG