ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་ལ་སྐྱོན་བརྗོད་བྱས་ན་འགྲིགས་མིན་རྒྱ་ནག་གིས་ལྕམ་ཁེ་ལིནཊོན་ལ་ཉེན་བརྡ་གཏོང་གི་ཡོད་པ།


རྒྱ་ནག་གི་དམར་ཤོག་ཚོགས་པའི་དབང་འོག་ཏུ་ཡོད་པའི་གསར་ཤོག་ གཉིས་ཀྱིས། ལྕམ་ཁེ་ལིནཊོན་ལ། སྲིད་འཛིན་གྱི་འོས་བསྡུའི་ལས་འགུལ་ སྤེལ་བའི་སྐབས་སུ། རྒྱ་ནག་ལ་སྐྱོན་བརྗོད་བྱེད་ཐལ་མེད་པ་བྱེད་དགོས་ལུགས་ དངོས་སུ་མ་ཡིན་པར་ཤུགས་ཀྱིས་ཉེན་བརྡ་གཏོང་བའི་འབྲི་རྩོམ་དཔར་འགྲེམས་བྱས་ཡོད་པ་རེད། དེ་ཡང་རེས་གཟའ་པ་སངས་ཀྱི་ཉིན། གཞུང་འབྲེལ་གྱི་གསར་ཤོག་ མི་མང་གི་ ཉིན་རེའི་གསར་ཤོག་དང་། རྒྱལ་སྤྱིའི་དུས་དེབ་ཅེས་པ་དེ་གཉིས་ཀའི་ནང་། ལྕམ་ཁེ་ལིནཊོན་གྱིས་སྲིད་འཛིན་གྱི་འོས་བསྡུའི་ལས་འགུལ་སྤེལ་བའི་སྐབས་སུ་ རྒྱ་ནག་ལ་ཁ་རྡུང་གཏང་རྒྱུ་ཡིན་པ་སྔོན་དཔག་བྱས་ཡོད་པ་མ་ཟད། ཨ་མེ་ རི་ཀའི་གྲོང་ཁྱེར་ནེའུ་ཡོག་གི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་དུས་དེབ་ཀྱི་གསར་འགོད་པས་སྤེལ་བའི་ གནས་ཚུལ་ཞིག་གི་ནང་། ལྕམ་ཁེ་ལིནཊོན་གྱིས། རྒྱ་ནག་གི་ཐད། རང་གི་ལངས་ ཕྱོགས་ཞི་འཇམ་ཡོད་པ་ཞིག་བསྟན་འདོད་མེད་ལུགས་བརྗོད་པ་དང་འབྲེལ། ཕྱི་ལོ་༢༠༡༤ ལོའི་ནང་ ལྕམ་ཁེ་ལིནཊོན་གྱིས་འདོན་སྤེལ་བྱས་པའི་དཀའ་ཚིགས་ཆེ་བའི་འདམ་ཀ་ཞེས་པའི་དཔེ་དེབ་ཀྱི་ནང་། རྒྱ་ནག་ལ་ཁ་གཏད་གཅོག་ཐུབ་་རྒྱུའི་ཆེད་དུ། ཨེ་ཤི་ཡའི་ཡུལ་ཁག་རྣམས་ལ། མནའ་འབྲེལ་ཚོགས་པ་ཞིག་གསར་འཛུགས་བྱེད་དགོས་པའི་འབོད་བསྐུལ་བྱས་དང་འབྲེལ། རྒྱ་ནག་གཞུང་གིས་ཞིབ་བཤེར་ནན་པོ་བྱེད་པའི་བྱ་སྤྱོད་ལ་སྐྱོན་ བརྗོད་བྱས་ཡོད་པ་མ་ཟད། ལྕམ་ཁེ་ལིནཊོན་གྱི་དཔེ་དེབ་དེའི་ནང་། བོད་མིའི་ དབུ་ཁྲིད་ཏཱ་ལའི་བླ་མའི་གནད་དོན་དང་འབྲེལ་བའི་ཐད། རྒྱ་ནག་གི་འགོ་ཁྲིད་ ཧུས་ཅིན་ཐའོ་དང་། རང་ཉིད་ཁ་རྩོད་བྱུང་པའི་གནས་ཚུལ་རྣམས་ཀྱང་གསལ་ པོར་བཀོད་ཡོད་འདུག ལྕམ་ཁེ་ལིནཊོན་གྱིས་རྒྱ་ནག་ལ་སྡང་ཟུག་གི་རྒོལ་གཏམ་ དེ་ཙམ་མ་ཡིན་པར། ཉེ་དུས་རང་གི་ Twitter དྲ་རྒྱའི་ཐོགབེུད་ཀྱི་ཐོབ་ཐང་ དོན་གཉེར་ཅན་གྱི་བེུད་ལྔ་རྒྱ་ནག་གཞུང་གིས་དོ་དམ་བྱས་པའི་གནད་དོན་གྱི་ ཐད་ལའང་སྐྱོན་བརྗོད་མུ་མཐུད་དེ་བྱས་ཡོད་ཅེས་བརྗོད་ཡོད་པ་རེད།

XS
SM
MD
LG