ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་ལ་དོ་ཕོག་ཆེན་པོ་ཡོང་རྒྱུ་ཡིན་ལུགས་རྒྱ་ནག་གི་གཞུང་འབྲེལ་མི་སྣས་ཉེན་བརྡ་གཏོང་གི་ཡོད་པ།


གནམ་གཤིས་འགྱུར་ལྡོག་གིས་རྐྱེན་པས། སྟོན་འབྲས་ལ་གནོད་སྐྱོན་དང་། ཁོར་ཡུག་ལ་གནོད་ཚབས་ཡོང་རྒྱུ་ལ་སོགས་པས། རྒྱ་ནག་ལ་དོ་ཕོག་ཆེན་པོ་ ཡོང་རྒྱུ་ཡིན་ལུགས། རྒྱ་ནག་གི་མཐོ་རིམ་གནམ་གཤིས་ཐད་ཀྱི་ཚན་རིག་མཁས་ པ་ཞིག་གིས་ཉེན་བརྡ་གཏོང་གི་ཡོད་པ་འདི་ནི། རྒྱ་ནག་གིས། དེ་སྔོན་གཞུང་ འབྲེལ་གྱི་ཐོག་ནས་ངོས་ལེན་བྱེད་དཀའ་བ་ཞིག་ད་རེས་བྱས་ཡོད་པ་དང་། རྒྱ་ནག་གི་གནམ་གཤིས་རིག་པའི་འཛིན་སྐྱོང་ལྷན་ཁང་གི་འགོ་འཁྲིད་ཀྲེང་ཀུའོ་ཀང་གིས། རྒྱ་ནག་གཞུང་གཉེར་གྱི་གསར་འགྱུར་ལས་ཁང་ཤིང་ཧྭ་ལ། གནམ་ གཤིས་འགྱུར་ལྡོག་གི་དཀའ་རྙོག་འདིས། རྒྱ་ནག་གི་འཛུགས་བསྐྲུན་གྱི་ལས་གཞི་ ཆེ་ཁག་ལ་ཉེན་ཚབས་ཧ་ཅང་གི་ཆེན་པོ་བཟོ་བཞིན་ཡོད་ལུགས་བརྗོད་པ་དང་ འབྲེལ། གནམ་གཤིས་ཀྱི་ཚ་དྲོད་འཕེལ་རིམ་དེ་ནི། འཛམ་གླིང་སྤྱི་ཡོངས་ལས་ རྒྱ་ནག་གི་ནང་ཚ་དྲོད་འཕེལ་ཤུགས་ཆེ་བ་ཡོད་ཅེས་བརྗོད་ཡོད་པ་རེད།

XS
SM
MD
LG