ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་ཧོང་ཀོང་གི་གནད་དོན་ཟུར་འཇོག་དང་དབྱིན་ཇིའི་རྒྱལ་སྲས་ལ་སྣེ་ལེན།


རེས་གཟའ་ཟླ་བའི་ཉིན་དབྱིན་ཇིའི་ཁྲི་འཛིན་རྒྱལ་སྲས་ཝི་ལིམ་རྒྱ་ནག་སྐམ་ས་ཆེན་མོར་གཞུང་འབྲེལ་གྱི་འཚམས་འདྲི་ཐེངས་དང་པོར་ཕེབས་ཏེ། ཁོང་ལ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་པིང་གིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་ཅིང་། རྒྱ་ནག་དང་དབྱིན་ཇི་གཉིས་ཀྱིས་ཧོང་ཀོང་རྩིས་སྤྲོད་རྩིས་ལེན་གྱི་གྲོས་མཐུན་བཞག་ནས་ལོ་ངོ་བཅུ་ཕྲག་གསུམ་ལ་ཉེ་བའི་སྐབས་སུ་དབྱིན་ཇིའི་རྒྱལ་པོའི་ཕོ་བྲང་གི་གནད་ཡོད་མི་སྣ་ཞིག་རྒྱ་ནག་སྐམ་ས་ཆེན་མོར་རྒྱལ་དོན་འཚམས་འདྲིར་ཕེབས་པ་དེར་གལ་འགངས་ཆེ་བའི་དངོས་འཛིན་ཞུས་ཡོད་པ་མ་ཟད། ཕྱི་ལོ་༡༩༨༦་ལོར་དབྱིན་ཇིའི་རྒྱལ་མོ་ཨ་ལི་ཟེ་བྷིཏ་གཏན་ཞལ་གཉིས་རྒྱ་ནག་སྐམ་ས་ཆེན་མོར་འཚམས་འདྲིར་ཕེབས་ནས་བཟུང་། ད་བར་དབྱིན་ ཇིིའི་རྒྱལ་པོའི་ཕོ་བྲང་གི་མཐོ་རིམ་སྐུ་འཁོར་ཞིག་རྒྱ་ནག་སྐམ་ས་ཆེན་མོར་འཚམས་འདྲིར་ཕེབས་མྱོང་མེད་པ་རེད།།

XS
SM
MD
LG