ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

༧གོང་ས་མཆོག་སུད་སིར་ཆིབས་སྒྱུར།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ། དེ་རིང་ཕྱི་ཚེས་༦་ཉིན་སུད་སི་གྲོང་ཁྱེར་བྷ་སེལ་ལ་ཆིབས་སྒྱུར་གནང་བའི་སྐབས་སུ་སུད་སིར་གནས་སྡོད་ས་གནས་ཁག་གི་བོད་པ་དང་བོད་དོན་རྒྱབ་སྐྱོར་པ། ནུབ་ཕྱོགས་པའི་ནང་པ་སོགས་མི་མང་བརྒྱ་ཕྲག་མང་པོས་༧གོང་ས་མཆོག་ལ་དགའ་དད་གུས་གསུམ་གྱི་སྒོ་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་མ་ཟད། ༧གོང་ས་མཆོག་ལ་སུད་སི་རྒྱལ་ཁབ་ཏུ་མཛད་འཆར་མང་དག་ཅིག་གཏན་འབེབས་གནང་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG