ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་གིས་བྱ་ནད་ཀྱི་ནད་འབུར་བརྙད་དེ་ཨ་རིའི་ཕྱུགས་གསོའི་ཐོན་བསྐྱེད་བཀག་སྡོམ།


རྒྱ་ནག་གིས་ཉེ་ཆར་ཨ་རིའི་བྱ་གསོ་ཁང་གི་སྒོ་ང་ལ་སོགས་པའི་ཐོན་བསྐྱེད་ནང་བྱ་ནད་ཀྱི་ནད་འབུ་ཐོན་པའི་གནས་ཚུལ་ལ་གཞིགས་ཏེ་ ཨ་རིའི་ཕྱུགས་གསོའི་ཐོན་བསྐྱེད་ཁག་རྒྱ་ནག་ལ་ནང་འདྲེན་བྱེད་རྒྱུར་བཀག་སྡོམ་བྱས་ཡོད་པ་རེད་ཅེས་ཨ་རིའི་སོ་ནམ་ཞིང་ལས་ཁང་གིས་གཟའ་ཟླ་བའི་ཉིན་གནས་ཚུལ་སྤེལ་ཡོད་པ་རེད། འོན་ཀྱང་ཨ་རིའི་སོ་ནམ་ཞིང་ལས་རིག་པའི་མཁས་པ་ཁག་གཅིག་གིས་བྱས་ན་ ནད་འབུ་དེ་རིགས་ནི་ཉེ་ཆར་རྒྱ་ནག་ཐེ་བའི་ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་རྒྱལ་ཁབ་གང་ཙམ་ཞིག་གི་ནང་ལའང་ཐོན་ཡོད་འདུག

XS
SM
MD
LG