ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བྷེང་ལ་རྡེཤའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ལས་ཁུངས་ཀྱི་ནང་བཀག་ཉར་བྱས།


བྷེང་ལ་རྡེཤ་ཡུལ་གྱི་ཉེན་རྟོག་པས། རྒྱལ་ས་ཌྭ་ཀའི་ནང་དུ་ངོ་རྒོལ་གྱི་ ལས་འགུལ་བྱེད་སྒོ་ཡོངས་རྫོགས་རེས་གཟའ་ཉི་མ་ནས་བཟུང་བཀག་འགོག་བྱས་ པ་དང་སྦྲགས། ཡུལ་དེའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་རང་གི་ལས་ ཁུངས་ཀྱི་ཕྱི་རུ་ཐོན་དུ་བཅུག་མེད་པ་མ་ཟད། བྷེང་ལ་རྡེཤ་རྒྱལ་ཡོངས་སུ་ ཕྱོགས་འགལ་ཚོགས་པའི་དམངས་གཙོ་དོན་གཉེར་བ་བཅུ་ཕྲག་མང་པོ་དོ་དམ་ བྱས་ཡོད་པའི་སྐོར་་གཞུང་འབྲེལ་མི་སྣ་རྣམས་དང་། ས་གནས་ཀྱི་གསར་འགྱུར་ བརྒྱུད་ལམ་ཁག་གིས་རྗོད་ཀྱི་ཡོད་པ་རེད། བྱ་ཐབས་འདི་དག་ནི། ཕྱོགས་ འགལ་ཚོགས་པའི་མཐུན་ཚོགས་གཙོ་བོ་ཞིག་གིས། རྒྱལ་ཡོངས་འོས་བསྡུ་ཆེན་ མོར་ངོ་རྒོལ་བྱས་ཏེ་ལོ་གཅིག་འཁོར་གྲབས་ཡོད་པའི་སྔོན་དུ་བྱས་པ་ཞིག་ཡིན་ པ་དང་། ཉེན་རྟོག་པས། ཡུལ་དེའི་སྲིད་བློན་ཟུར་པ་ད་ལྟ་བྷེང་ལ་རྡེཤ་ མི་རིགས་རིང་ལུགས་ཀྱི་ཚོགས་པ་ཞེས་པའི་སྲིད་དོན་གྱི་ཚོགས་པའི་འགོ་ཁྲིད་ལྕམ་ ཁྭ་ལི་རྡ་་ཛི་ཡ་ རེས་གཟའ་སྤེན་པའི་ཕྱི་དྲོ་ནས་བཟུང་། རང་གི་ཚོགས་པའི་ ལས་ཁུངས་ཀྱི་ཕྱིར་ཐོན་དུ་མི་བཅུག་པར་བཀག་འགོག་བྱེད་བཞིན་པ་འདི་ནི། བདེ་འཇགས་སྲུང་སྐྱོབ་ཀྱི་ཐབས་བྱུས་ཡར་རྒྱས་གཏོང་ཐབས་བྱས་པ་ཞིག་ ཡིན་ལུགས་གཞུང་འབྲེལ་མི་སྣས་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG