ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

ཡུ་གུར་པའི་དབུ་ཁྲིད་རེ་བི་ཡ་ཁ་དིར་ལ་བཅར་འདྲི།


ཕྱི་ཕྱོགས་སུ་ཡོད་པའི་འཛམ་གླིང་ཡུ་གུར་མི་རིགས་ཀྱི་སྐུ་ཚབ་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་ར་བི་ཡ་ཁ་དིར་ལ་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱིས་དམིགས་བསལ་བཅར་འདྲི་ཞིག་ཞུས་ཡོད་ཅིང་། ཁོང་གིས་ངས་དབུ་ཁྲིད་པའི་ཚོགས་པ་དེའི་ལངས་ཕྱོགས་ནི་དྲག་སྤྱོད་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་པ་གསལ་སྟོན་ཡང་ཡང་གནང་ཡོད། འདས་པའི་ལོ་དེར་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ལ་དྲག་གནོན་བྱེད་ཤུགས་ཆེ་རུ་བཏང་རུང་གནད་དོན་ཐག་གཅོད་ཀྱི་ཆེད་དུ་རྒྱ་ནག་གཞུང་ལ་གྲོས་མོལ་བྱེད་འདོད་ཡོད་ཅེས་གསུངས་པ་དང་། སྲིད་འཛིན་ཞིས་ཅིན་ཕིང་གིས་རྒྱ་ནག་གི་སྲིད་དབང་བཟུང་བའི་རྗེས་སུ་འགྱུར་བ་ཞིག་ཡོང་རྒྱུ་དང་མི་རིགས་གྲངས་ཉུང་ཁག་ལ་འཛིན་པའི་སྲིད་ཇུས་དེར་བསྐྱར་ཞིབ་ཡོང་བའི་རེ་བ་བརྒྱབ་པ་ཡིན་ཞེས་གསུང་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG