ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

དགུན་དུས་སུའང་ར་ཤི་ཡར་ཡུལ་སྐོར་སྤྲོ་འཆམ་ལ་འགྲོ་མཁན་རྒྱ་མི་ཇེ་མང་དུ་ཕྱིན་ཡོད་པ།


ར་ཤི་ཡེའི་དངུལ་ལོར་རུ་བྷལ་གྱི་ཛ་ཐང་ཧ་ཅང་དམའ་པོ་ཆག་པའི་ཁེ་ཕན་བླང་རྒྱུའི་ཆེད་དུ། དེང་སྐབས་ར་ཤི་ཡེའི་ནང་ རྒྱ་མི་ཡུལ་སྐོར་སྤྲོ་འཆམ་པས་ཁེངས་ཡོད་ཅིང་། རྣམ་ཀུན་ཡིན་ན། དགུན་དུས་སུ་གནམ་གཤིས་གྲང་ངར་ཧ་ཅང་ཆེན་པོ་སྟོན་གྱི་ཡོད་པའི་རྐྱེན་གྱིས་ར་ཤི་ཡེའི་ནང་། གནམ་དུས་དེའི་རིང་ལ་ཡུལ་སྐོར་སྤྲོ་འཆམ་ལ་ཡོང་མཁན་མེད་སྟབས། རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་ལས་ཁང་འགའ་ཞིག་གིས་སྤྱི་ཟླ་བཅུ་པ་ནས་སྤྱི་ཟླ་དྲུག་པ་བར། ར་ཤི་ཡར་ཡུལ་སྐོར་སྤྲོ་འཆམ་དུ་འགྲོ་རྒྱུའི་ལག་འཁྱེར་ཚོང་འགྲེམས་བྱ་རྒྱུ་ཡང་མཚམས་འཇོག་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་། འདི་ལོ་དགུན་ཁ། ར་ཤི་ཡེའི་དངུལ་ལོར་གྱི་ཛ་ཐང་ཆག་སྟེ་གང་ཅིའི་ཐད་ལ་འགྲོ་གྲོན་ཧ་ཅང་ཆུང་དུ་ཕྱིན་ཡོད་པར་བརྟེན་ནས། གནམ་གཤིས་གྲང་ངར་ཆེ་བར་མ་བལྟོས་པར། རྒྱ་མི་ར་ཤི་ཡར་ཡུལ་སྐོར་སྤྲོ་འཆམ་དུ་འགྲོ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་འདུག

དེ་ཙམ་དུ་མ་ཟད། ཡུལ་སྐོར་སྤྲོ་མཆམ་པ་དེ་དག་དང་། རྒྱུན་དུ་ར་ཤི་ཡེའི་ནང་གནས་སྡོད་བྱེད་མཁན་རྒྱ་མི་དེ་གྲས་ཀྱིས། ར་ཤི་ཡེའི་དངུལ་ལོར་གྱི་ཛ་ཐང་ཆག་པའི་མཁེ་ཕན་བླངས་ཏེ། ར་ཤི་ཡེའི་ནང་ནས་རྒྱས་སྤྲོས་ཆེ་བའི་དངོས་ཟོག་གི་རིགས་ཧ་ཅང་ཕོན་ཆེ་བསྡེབས་ཉོ་བརྒྱབས་ཏེ་ རྒྱ་ནག་ལ་འཁྱེར་འགྲོ་གི་ཡོད་པ་རེད།།

XS
SM
MD
LG