ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིས་རྒྱ་ནག་གི་ཉི་འོད་གློག་རྡུལ་ལ་ཚོང་ཁྲལ་ཧ་ཅང་ཆེན་པོ་བརྒྱབས་པ།


ཨ་རིའི་ཚོང་འབྲེལ་ལས་ཁུངས་ཀྱིས་རྒྱ་ནག་མཉམ་དུ་ཉི་འོད་ཀྱི་གློག་རྡུལ་འཕྲུལ་ཆས་ཐོག་དེ་སྔ་ནས་ཡུལ་གཉིས་དབར་དཀའ་རྙོག་ཡོད་པ་དེ་བཞིན་ད་ལམ་ཨ་རིའི་གཞུང་གིས་རྒྱ་ནག་དང་། ཐེ་ཝན་གཉིས་ནས་བཟོས་པའི་ཉི་འོད་གློག་རྡུལ་འཕྲུལ་འཁོར་ཡོ་ཆས་ལ་ནང་འདྲེན་ཁྲལ་བརྒྱ་ཆ་ ༧༨༌༤༢ ཡོད་པའི་ཐོག་ཨ་རིའི་ནང་ཟོག་རོ་གཡུགས་པའི་ཁྲལ་བརྒྱ་ཆ་ ༢༦༌༧༡ འཕར་མ་བཀལ་བའི་རྐྱེན་གྱིས་རྒྱ་ནག་གིས་ཉེ་འོད་གློག་རྡུལ་ཚོང་ཟོག་ཨ་རིའི་ནང་ཚོང་རྒྱུར་དཀའ་ངལ་ཆེན་པོ་ཞིག་གི་གནས་སུ་གྱར་ཡོད་པ་རེད། ཨ་རིའི་ངོས་ནས་རྒྱ་ནག་གཞུང་གིས་རྒྱ་ནག་གིས་ཉི་འོད་གློག་རྡུལ་འཕྲུལ་ཆས་བཟོ་གྲར་དམིགས་བསལ་གཞུང་གི་གུན་གསབ་སྤྲད་ཀྱི་ཡོད་པ་དང་། དེའི་ཐོག་འཕྲུལ་ཆས་དེའི་མཁོ་གནས་གཙོ་བོ་དེ་ཐེ་ཝན་ནས་བཟོས་ཏེ་རྒྱ་ནག་ལ་ཚོང་བ་ཞིག་ཡིན་པའི་འགྲེལ་བརྗོད་གནང་བའི་སྐོར།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG