ངོ་འཕྲད་བདེ་བའི་དྲ་འབྲེལ།

བྱང་ཀོ་རི་ཡས་སྭོ་ནི་གྱི་རིག་མཛོད་འཕྲུལ་ཆས་ཀྱི་དྲ་འབྲེལ་ལ་གནོད་སྐྱོན་བཏང་ཡོད་པ་ངོས་ལེན་བྱེད་ཀྱི་མེད་པ།


བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨུན་ལྐོག་གསོད་གཏོང་ཐབས་ཀྱི་ངན་བྱུས་བཤམས་པའི་སྐོར་དང་འབྲེལ་བ་ཡོད་པའི་གློག་བརྙན་ “The Interview” ཞེས་པ་ཞིག་ སྭོ་ནི་གློག་བརྙན་བཟོ་འདོན་ཁང་གིས། བཟོ་འདོན་བྱས་པར་ འཁོན་ལན་སློག་རྒྱུའི་ཆེད་དུ། སྭོ་ནི་གློག་བརྙན་བཟོ་འདོན་ཁང་གི་རིག་མཛོད་ འཕྲུལ་འཁོར་གྱི་ལམ་ལུགས་ལ་བྱང་ཀོ་རི་ཡས་གནོད་སྐྱོན་བཏང་ཡོད་པ་བྱང་ ཀོ་རི་ཡས་ངོས་ལེན་བྱེད་ཀྱི་མེད་ཀྱང་། ནུས་པ་དང་ལྡན་པའི་གློག་ལམ་དྲ་ འབྲེལ་ལ་གནོད་སྐྱོན་བཏང་པའི་གནས་ཚུལ་དེ་ནི། བྱང་ཀོ་རི་ཡར་རྒྱབ་སྐྱོར་ དང་། ཤ་ཞེན་ཡོད་མཁན་རྣམས་ཀྱིས། བྱང་ཀོ་རི་ཡའི་ཆེད་དུ། འཁོན་ལན་ སློག་ཐབས་བྱས་པ་ཞིག་ཡིན་སྲིད་པ་དེ་ནི། དྲང་བདེན་གྱི་བྱ་བ་ཡང་དག་པ་ ཞིག་ཡིན་ལུགས་བརྗོད་ཡོད་འདུག དེ་ཡང་བྱང་ཀོ་རི་ཡའི་དབུས་གསར་འགྱུར་ལས་ཁང་གིས། རེས་གཟའ་ཉི་མའི་ ཉིན་བྱས་པའི་ཕྱིར་བསྒྲགས་དེ་ནི། ཨ་མེ་རི་ཀའི་བཀའ་དྲིན་རྗེས་དྲན་གྱི་དུས་ དྲན་ལ་སྲུང་བརྩི་ཞུ་རྒྱུའི་གོང་ཙམ་དུ། Hollywood ཡི་གློག་བརྙན་བཟོ་འདོན་ ལས་ཁང་ཆེ་ཤོས་དེ་ཡིན་པ། སྭོ་ནི་གློག་བརྙན་བཟོ་འདོན་ཁང་གི་ལས་དོན་ བྱེད་སྒོ་ཡོངས་རྫོགས་ལ། འགོག་རྐྱེན་ཆེན་པོ་བཟོས་པའི་གློག་ལམ་དྲ་འབྲེལ་ གྱི་གནོད་སྐྱོན་དེའི་བྱུང་ཁུངས་ཀྱི་ཐད། ཞིབ་དཔྱོད་པ་རྣམས་ཀྱིས་ཞིབ་འཇུག་ བྱེད་བཞིན་པའི་སྐབས་སུ་བཏོན་པ་ཡིན་འདུག

XS
SM
MD
LG